[A:66]རུ་མན་ཆད་དུ་རྒྱ་དམག་མི་དྲང་། དེ་མན་ཆད་དུ་བོད་དམག་མིདྲངབའི་མནའ་བྱས། མཐོ་བརྩིགས། དཔང་དུ་ལྷ་ཀླུ་གཉན་པོ་བཞག དབོན་ཞང་ཇི་ལྟར་འཆད་པའི་གཙིགས་ཀྱི་ཡི་གེ་གསུམ་དུ་མཆིས་ཏི། གཅིག་ནི་རྒྱའི་རྡོ་རིངས་ལ་བྲིས་པའོ་ཡི་གེ་ལའང་།ཆུ་ཕོ་སྟག་གི་ལོ་དབྱར་ཟླ་འབྲིང་པའི་ཚེས་དྲུག་ལ་དཀྱིལ་འཁོར་ལ་འཛེགས་ཏེ། བོད་ཀྱི་བརྩིས་བཟུང་ངོ་ཞེས་ཡོད་ཅིང་། རྒྱས་པར་རྡོ་རིངས་ཀྱི་ཡི་གེ་ལས་ཤེས་སོ། །དེའི་དུས་སུ་བསྟན་པ་ལ་བར་ཆད་བྱུང་བའི་ཚུལ་ནི། དབས་སྟག་སྣ་ལ་སོགས་པ་རྣམས་ཀྱིས་ཕྲ་མ་བཅུག་ནས་བློན་པོ་ཆེན་པོ་བྲང་ཁ་དཔལ་ཡོན་བསད། ལྷ་སྲས་གཙང་མ་ལྷོ་མ་བྲག་ཏུ་སྤྱུགས། ཆོས་རྒྱལ་རལ་པ་རང་ལའང་ངན་བྱས་ཏེ།ལྕགས་མོ་བྱའི་ལོ་སུམ་ཅུ་རྩ་དྲུག་བཞེས་པ་ལ་ལམ་གྲོ་ཞོམ་པར་གཤེགས་སོ། །ཁུ་ཆེན་རལ་པ་ཅན་གྱི་བང་སོ་ནི། དོན་མཁར་མདའི་གཡོན་གྱི་ཕྱོགས་ན་ཡོད། མིང་ནི་ཁྲི་སྙེངས་རྨང་རི་ལགས་སོ་སྐད། འདི་ཡན་བཅད་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་དང་།ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་ཟེར་རོ། །རྒྱལ་པོ་གླང་དར་མ་ཆུ་མོ་ལུག་གི་ལོ་ལ་སྐྱེས། རྒྱལ་པོ་རལ་པ་ཅན་སྐུ་གཤེགས། གླང་དར་མ་རྒྱལ་སར་བཏོན་པས་དབས་སྟག་ན་ཅན་ལ་སོགས་པ་སྡིག་བློན་རྣམས་ཀྱིས་བསླུས་ཏེ། རྒྱལ་པོའི་ཐུགས་སུ་གདོན་གསོལ་ནས་བསྟན་པ་བསྣུབས་སོ། །རྒྱལ་པོ་ཉིད་ཀྱང་ལྷ་ལུང་དཔལ་གྱི་རྡོ་རྗེས་བསད།འདི་ལ་སྨད་ཀྱི་ལྡེངས་ཟེར། དར་མའི་གྲལ་ནི་འཕྲུལ་དང་རྒྱལ་ཆེན་