[A:65]འདིའི་ཡན་ཆད་དུ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་འདོད་དོ། །ཆོས་རྒྱལ་མེས་དབོན་གསུམ་པོ་འདིའི་རིང་ལ་བཀའ་བསྟན་བཅོས་དུ་མ་བསྒྱུར་ཞིང་།དེ་དག་ལའང་ལྷད་ཞུགས་ཀྱི་དོགས་ནས་བཙན་པོ་མེས་དབོན་གྱིས་བཀའ་བསྩལ་ཏེ། ལོ་ཙྪ་བ་དཔལ་བརྩེགས་ལ་སོགས་པས་ཆོས་ཀྱི་རྣམ་གྲངས་རྣམས་ཀྱི་བརྗེད་བྱང་། བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་མཚན་དང་། གཞུང་ཚད་གོ་རིམ་ལ་སོགས་པ་གཏན་ལ་ཕབ་སྟེ་དཀར་ཆག་ཏུ་བཀོད་པ། ཕོ་བྲང་ཆེན་པོ་སྟོང་ཐང་འདུན་དཀར་དང་། བསམ་ཡས་མཆིམས་ཕུ་དང་། འཕང་ཐང་རྣམས་སུ་བརྩིགས་ཏེ་བཀའ་ཆེམས་ཀྱི་ཟླ་མ་བཞག་གོ །རྒྱལ་པོ་འདི་ནི་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་ཏེ། སྡར་ཡབ་མེས་ཀྱི་རིང་ལ་མ་འདུས་པ་མང་པོ་ཆབ་འོག་ཏུ་བཅུག རྒྱ་ནག་པོ་དང་བཙན་པོ་དབོན་ཞང་བཟླུམས་བྱ་བར་འཆད་པ་མ་འཆམ་ནས། བོད་རུ་བཞི་ནས་དམག་སྟོང་སྡེ་བཅོ་བརྒྱད་དར་ཆེན་ཁྲིག་གེ་བ་ཁྲིད་ནས། རྒྱ་ཡུལ་དུ་དམག་དམག་དྲངས། རྒྱའི་གོན་པོ་ཐམས་ཅད་བཀུམ་ནས་རྒྱ་ཆམ་ལ་ཕབ།རྒྱའི་ཧྭ་ཤང་དང་བོད་ཀྱི་པཎྜི་ཏ་རྣམས་ཀྱིས་བར་དང་དཔང་མཛད་ནས། རྒྱའི་གོང་གུ་རྨེ་རུར་རྒྱའི་གཙུག་ལག་ཁང་གཅིག་དང་།བཙན་པོའི་གཙུག་ལག་ཁང་གཅིག་བཞེངས་སུ་གསོལ། དེའི་བར་དུ་ས་ལ་བཙན་པོ་དབོན་ཞང་། གནམ་ལ་ཉི་ཟླ་ཟུང་གཅིག་ལས་མེད་དོ་བར་སླངས་ནས། ཕ་བོང་ལ་ཉི་ཟླུའི་གཟུགས་བྱས། གོང་གུ་རྨེ་