[A:72]གྲོང་བཞི་བཅུ་ཞེ་གཉིས་སོག་པོ་ལ་ཉོས་ནས་ལོ་རེ་བཞིན་དངུལ་དཀར་བཅུ་གཉིས་རེ་སོགས་པོ་ལ་འདབ་པར་བྱས་ནས་རྡོ་རྗེ་གདན་ལ་ཕུལ། དེའི་སྲས་ཛི་དར་དམལ་དང་ཨ་ནན་དམལ་གཉིས། ཕུ་བོས་དགྱེས་པ་རྡོ་རྗེ་ལྷ་དགུ་དངུལ་ག་རུ་ལ་བཞེངས། ཨ་ནན་དམལ་གྱིས་རྡོ་རྗེ་གདན་གསོས། གསེར་གྱི་བཀའ་འགྱུར་བཞེངས། ཨ་ནན་དམལ་གྱིས་རྒྱ་གར་ནས་རྒྱལ་ཁམས་མང་པོ་བླངས། སྨན་བླ་མཆེད་བརྒྱད་དངུལ་དཀར་བཅུ་ལ་བཞེངས། ལྷ་སར་གསེར་ཐོག་ཕུལ། དེའི་བུ་སམ་གྷ་དམལ་ཛི་དར་དམལ་གྱི་བུ་ཨ་འཇིད་དམལ
མངའ་བདག་ཤཱཀྱ་མགོན་པོ་དང་དུས་མཚུངས་པས་ཡི་གེ་བསྐུར་རེས་མང་དུ་མཛད
གྱིས་གསེར་བྲེ་བཅུ་གཅིག་ལ་སྒྲོལ་མའི་སྐུ་བཞེངས། རྒྱལ་ས་མ་ཐོབ་ཀྱི་གོང་དུ་ས་སྐྱར་ལྷ་བཙུན་བྱས། ཕྱིས་འབུལ་བ་བྱས། དེའི་བུ་ཀ་ལན་དམལ། དེའི་བུཾ་བར་བཏབ་དམལ། དེས་ཡ་ཙེའི་རྒྱུད་ཆད་ནས། སྤུ་རངས་ནས་མངའ་བདག་བསོད་ནམས་ལྡེ་ཡ་ཙེར་སྤྱན་དྲངས། སུ་སྐྱབ་དམལ་དུ་གྲགས་ནས་རྒྱལ་པོ་བྱས་སོ། །དེའི་བུ་ཡ་ཙེར་སྐྱེས་པ་སྲི་ཏི་དམལ་དང་། བློན་པོ་དཔལ་ལྡན་གྲགས་པས་ས་སྐྱའི་ཆོས་ཁྲི་དང་། ལྷ་སའི་བཅུ་གཅིག་ཞལ་གྱི་སྟེང་དུ་གསེར་ཐོག་བྱས་སོ། །ཡ་ཙེའི་རྒྱལ་རབས་འདི་རྣམས་བོད་ཀྱི་ཆོས་བློན་མགར་སྲོང་བཙན་གྱི་རྒྱུད། གཙུག་ལག་གཉིས་པ་མངའ་མཛད་པའི་སི་ཏུ་དགེ་བའི་བློ་གྲོས་པས་གསེར་ཐོག་པ་རིན་རྡོར་ལ་དྲིས་ནས་ཡི་གེར་བཀོད་པ་ཡིན་གསུངས། མངའ་བདག་དཔལ་འཁོར་བཙན་གྱི་སྲས།