[A:73]ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱི་སྲས་གསུམ་ལ་དབལ་ལྡེ། འོད་ལྡེ།སྐྱིད་ལྡེ་གསུམ་ལ་སྨད་ཀྱི་ལྡེ་གསུམ་དུ་གྲགས། དཔལ་ལྡེའི་རྒྱུདནི་སྔོན་པོ་ཚོན་པོར་ཐུག་པ་སྟེ། གུང་ཐང་བ། ཀླུ་རྒྱལ། སྤྱི་པ།ལྷ་རྩེ་བ། གླ་ལུང་རྩད་སྐོར་བ་རྣམས་ཏེ། ལ་སྟོད་མན་ཆོད་པ་རྣམས་སོ་ཡིན་ནོ། །གཅུང་སྐྱིད་ལྡེ་རྟ་ནག་ཏུ་ཕོག སྲས་དྲུག་བྱུང་།འདི་རྣམས་ཀྱི་རྒྱུད་ལྔ་བྱང་དུ་གཤེགས་ཏེ། འབྲོའི་རྩད་པོ་དང་།གཡས་རུ་རུ་ལག་གི་རྩད་པོ་རྣམས་དང་། མུས་པ། འཇད་པ།ཉང་སྟོད་ན་ཡོད་པ་རྣམས་སོ། །འབྲིང་པོ་འོད་ལྡེ་ལ་སྲས་བཞི་བྱུང་བ་ནི། ཕ་བ་ལྡེ་སེ། ཁྲི་ལྡེ། ཁྲི་ཆུང་། ཉག་ལྡེའོ། །ཕ་བ་ལྡེ་སེ་དང་ཁྲི་ཆུང་གིས་དབུས་སུ་ཡོང་། དངུལ་སྐྱོགས་ཤལ་ཅན་ཕ་བ་ལྡེ་སེས་ཁྱེར་ནས་གཙང་དུ་ལོག་སྟེ། དེའི་རྒྱུད་པ་སྣུབས་ཡུལ་རོང་དང་།གཡག་སྡེ། ཉང་སྟོད་སྟག་ཚལ་རྣམས་ན་ཡོད། ཁྲི་ལྡེའི་རྒྱུད་པ་ནི་ཤར་ཙོང་ཁའི་རྒྱལ་པོ་སྤྱན་མངའ་དོན་ཆེན་ལ་སོགས་པ་མདོ་སྨད་ཀྱི་རྒྱལ་རྒྱུད་རྣམས་ཡིན་ནོ། །ཉག་ལྡེའི་རྒྱུད་གཙང་གཡས་རུ་ན་ཡོད་དེ།སྐྱིན་མཁར་རྩད་པོ་ལ་ཐུག་གོ །ཁྲི་ཆུང་གི་ཡར་ལུངས་སུ་བཞུགས་ནས་
འབངས་ཀྱིས་ཕོ་བྲང་བརྩིགས་ནས་ཕུལ་བས་འབངས་བརྩིགས་སུ་གྲགས
སྐུ་མཁར་འཕྱིང་བ་སྟག་རྩེའང་བཟུང་། དེའི་སྲས་འོད་སྐྱིད་འབར། དེ་ལ་སྲས་བདུན་ལ། གཅེན་ཞང་རྗེ་ཚ་ཁྲི་ལྡེ་འབར།གཅུང་གཙང་བ་ཆེ་སྤུན་དྲུག་ལ། ལྷས་ཅན་གཡུ་ཅན་གཉིས། ད་ར་ལྷུན་པོ་གཉིས། འོད་བཙན་གུང་བཙན་གཉིས་ཏེ་དྲུག་གོ །ཞང་