R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 74
[A:74]།རྗེ་ཚ་ཁྲི་ལྡེ་འབར་གྱི་སྲས་དྲུག་ལ། གཡུ་ཐོག་གི་རྒྱུད་སྣ་མོ་མ། འཆིང་ང་བ། དོན་མཁར་བ། ཐང་འཁོར་བ་རྣམས་ཡིན་ནོ། །བྱེ་ཆུང་ལྷ་སྒོམ་གདུང་ཆད། གུང་ལྡེ་དོན་མཁར་སྤེ་སྐྱར་གདུང་ཆད།ཟླ་བའི་རྒྱུད་སྟག་ཤགས་པ་དང་། གྲ་སྣ་བ་ཡིན་ནོ། །ཁྲི་ཐོག་ཐག་མ་རུ་སྤེར་གཞུང་ཆད། ཆུང་བ་བཞེངས་ཅན་འབར་གྱི་རྒྱུད་མོན་མཁར་བ། ཞངམདའ་པ། སྤུན་བདུན་ཐང་བ་རྣམས་ཡིན་ནོ།།ལྷ་སྟོན་དཀར་མོའི་རྒྱུད་བྱི་ཆུང་བ་རྣམས་ཡིན་ནོ། །
འདི་ཡར་ཡར་བཅདབོད་ཀྱི་རྒྱལ་རབས་ཕལ་ཆེ་བ་དཔག་བསམ་ལྗོན་ཤིང་ལྟར་བྲིས
གཙང་བ་ཚ་སྤུན་དྲུག་ལ་ལྷ་སྤྱན་གདུང་ཆད་ཟེར། ད་ར། ལྷུན་་པོ། འོད་བཙན། གུང་བཙན་རྣམསཀྱི་རྒྱུད་ནི། ཁྲ་འབྲུག་པ།བྱིང་པ། བྱར་བ། ཆུ་མིག་གོག་པོ་ན་ཡོད་པ་རྣམས་ཡིན་ཟེར་རོ། །མངའ་བདག་གཡུ་ཅན་གར་མི་ཡོན་ཏན་གཡུ་རུང་གིས་བྱ་སར་གདན་དྲངས། དེའི་སྲས་ཇོ་དགའ། དེའི་སྲས་གསུམ་གྱི་ཆེ་བ་བྱ་ས་ལྷ་ཆེན་གྱིས་བྱ་སའི་གཙུག་ལག་ཁང་སོ་མ་བཞེངས།
འགའ་ཞིག་ན་རེ།གཡུ་ཅན་ཀྱིས་དབུ་རྩེ་བཞེངས། ཇོ་དགས་ཁྱམས་བརྩིགས། ལྷ་ཆེན་གྱིས་གསེར་སྐུ་ཆེན་མོ་ལེགས་བྲིས་དང་བཅས་པ་བཞེངས་ཞེས་ཟེར་རོ
སངས་རྒྱས་དབོན་སྟོན་གྱིས་རབ་ཏུ་གནས་པ་མཛད།དཔལ་ཕག་མོ་གྲུ་པ་ལ་སོགས་མཁས་གྲུབ་མང་པོའི་ཞབས་ཏོག་མཛད།གཅུང་པོའང་རབ་ཏུ་བྱུང་ནས་ལྷ་ཞི་བར་གྲགས་པ་དེ་ལོ་མོ་སྣོམ་ཁང་དུ་བཞུགས། བར་པ་ཁྲི་དར་མ་ལ་སྲས་བཞི། གཙུག་ལྡེ། ཁྲི་