R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 83
[A:83]སྐྱེལ་བ་ལ་བཏང་། གོང་མ་ཡོན་མཆོད་འཛོམ་པར་ཞུ་ལན་བཏེགབ་ཡན་གཟུགས་མཛེས་ཤིང་སྨྲ་མཁས་པ་དེས་གོང་མ་ལ་ཞུ་བ་བཟང་པོ་རྣམས་བྱས་པའི་དུས་ན་བླ་མ་འཕགས་པ་ཤིན་ཏུ་དགྱེས་ནས། གོང་མ་ལ་གཟིགས་ཏེ། གཡོག་བཟང་པོ་ཧུ་ལ་ཧུ་འདུག་གསུངས་པས།གོང་མའི་ཐུགས་དགོངས་ལ། སྔར་བླ་མ་སྐབས་ལྟ་གསུང་པ་དེ་འདི་ཡིན་དགོངས་ནས། བ་ཡན་ལ་ལུང་བྱོན་པ་ལ། ཁྱོད་ཨའི་མགི་མི་ཡིན་ནའང་། ཧུ་ལ་ཧུ་ལ་ཁྱོད་ཀྱི་ཚབ་ཏུ་མི་དཔོན་བཟང་པོ་གཞན་གཅིག་སྟེར། ཁྱོད་འདིར་སྡོད་ལ། ལྷོ་ཕྱོགས་ཀྱི་སྨནརྩེའི་རྒྱལ་ཁམས་ལེན་པའི་དམག་དཔོན་ལ་འགྲོ་དགོས་གསུངས། ཆིང་སང་གི་མིང་བྱིན་ནས་དམག་ཐོག་ཏུ་མངགས། དེའི་དུས་སུ་སེ་ཆེན་རྒྱལ་པོ་རྒྱལ་སར་བྱོན་ནས་ལོ་བཅོ་བརྒྱད་པ། ཅིང་དབེན་ལོ་བཅུ་གསུམ་པའི་དུས་སུ། བ་ཡན་དཔུང་ཚོགས་དང་བཅས་པ་ཕྱིན་ནས་སྨན་རྩེའི་རྒྱལ་ཁམས་འོག་ཏུ་བཅུག སྨན་རྩེའི་རྒྱལ་པོ་གཡེའུ་ཆུ་
ཕྱིས་ས་སྐྱར་བཏང་ནས་བཙུན་བ་བྱས། རྟིང་ལ་བྱ་ཡུལ་དུ་བོས་ནས་བསད་པས་ཁྲག་འོ་མར་བྱུང་ཞེས་ཟེར་རོ
བཟུང་ནས་ཡོང་། ཇུ་ཇུ་མགོན་ཁང་དུ་སླེབས་ཙམ་ན་ཆོས་སྐྱོང་གི་སྐུ་མཐོང་ནས། ཁར་སང་དམག་སྣ་ལ་བྱུང་བའི་མི་ནག་པོ་ཆེན་པོ་དེ་འདི་ན་འདུག་ཟེར་ལོ། མདོར་ན་རྒྱལ་པོ་འདིའི་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ། དེ་བཞིན་གཤེགས་པའི་ཚེམས་མཆེ་བ་དང་། རྒྱལ་ཆེན་བཞིས་ཕུལ་བའི་ལྷུང་བཟེད་ཕྱག་ཏུ་བྱུང་སྟེ། དེའི་སྦྱིན་བདག་མཛད། རྒྱལ་ཁམས་མི་