R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 84
[A:84]གཅིག་པའི་ཞིང་བཅུ་གསུམ་མནན། བསྟན་པ་རིན་པོ་ཆེ་དང་།བསྟན་པའི་རྩ་ལག་བླ་མ་དམ་པ་འཕགས་པ་ལ་ཕུ་དུད་བསམ་གྱིས་མི་ཁྱབ་པས་མཆོད། བླ་མ་འཕགས་པ་རྩ་བའི་སློབ་དཔོན་དུ་བཀུར།དུས་གཏན་གྱི་བྱ་བ་རྣམས་གྲོས་སུ་བསྟུན་ནས་འཇགས་སུ་བཅུགངེད་རྒྱུད་ནས་རྒྱུད་ཀྱི་བར་ལ། བླ་མ་འཕགས་པའི་རྒྱུད་པ་སློབ་དཔོན་དུ་ཁུར་ལ། དགེ་བ་རྒྱུན་མི་འཆད་དུ་ཆུག་གསུང་བའི་ལུང་སྦྱིན། ཡངས་པའི་རྒྱལ་ཁམས་ཐམས་ཅད་གཅིག་ཏུ་བསྡུས་ནས། འཛམ་གླིང་ཕལ་ཆེར་བདེ་བ་ལ་བཀོད་དོ། །དགུང་ལོ་བརྒྱད་ཅུ་བཞེས་པ་ཤིང་ཕོ་རྟའི་ལོ་ལ་གནམ་དུ་གཤེགས་པས་མཚན་སེ་ཆེན་གན་དུ་གསོལ་ལོ། །གོ་དན་གྱི་བུ་ཇི་བིག་ཐི་མུར་ལ་སོགས་བུ་གསུམ་ཡོད། ཁ་ཤའི་བུ་ཁའི་དུ། གཞན་ནི་བགྲང་གིས་མི་ལང་། འདི་རྣམས་ཡེ་ཀ་ཐེབ་ཅན་ནས་གལ་ཆེ་རིམས་བཤུས་པ་ཡིན། སེ་ཆེན་རྒྱལ་པོའི་བཙུན་མོ་ཆ་བུ་ལ། རྡོ་རྗེ། ཇིང་ཀིམ། མམ་གྷ་ལ། ནོ་མ་གན་དང་བཞིའོ། །མ་ཆུང་བའི་བུ། ཧུ་ཀར་ཆེ། ཨ་རོག་ཆེ།ཨ་ཡ་ཆེ། གོད་ལོག་ཐོ་མུར། ཨེ་སེན་བོ་ཁ། ཐོ་གན། གོ་གོ་ཆུ། རྡོ་རྗེ་ལ་སྲས་མེད། ཇིང་ཀིམ་གྱི་སྲས་ཆེ་བ་ཀ་མ་ལ།གཉིས་པ་ངྷརྨ་ཕ་ལ། གསུམ་པ་ཐེ་མུར། འདི་རྒྱལ་སར་བཏོན།དབེན་ཅིང་ལོ་གཉིས། ཏའི་ཏི་ལོ་བཅུ་གཅིག་སྟེ། ལོ་སུམ་ཅུ་རྒྱལ་སར་བཞུགས་ནས་གནམ་དུ་སོང་བ་ལ་ཨོལ་ཇ་དུ་རྒྱལ་པོར་མཚན་གསོལ། དེའི་བུ་ཏི་ཐི་གཞོན་པ་ལ་འདས། ངྷརྨ་ཕ་ལའི་སྲས་ཆེ་