R960: ཡར་ལུང་ཇོ་བོའི་ཆོས་འབྱུང་།

  • Pagination (Witness A): 90
[A:90]ནས། དབང་པོ་འབྲིང་ཡར་བཅད་རྣམས་བསགས་ནས་བརྟགས་པ་དང་། རབ་འབྲིང་དགུར་ཕྱེ་བའི་ནང་ནས་འོ་ཙྪ་བ་རིན་ཆེན་བཟང་པོ་དང་། ལེགས་པའི་ཤེས་རབ་ལ་སོགས་པ་དབང་པོ་ཡང་རབབདུན་བྱུང་བ་ལ། གཡོག་བློ་རྣོ་བ་གཉིས་གཉིས་ཏེ་བདུན་གསུམ་ཉི་ཤུ་རྩ་གཅིག་རྒྱ་གར་དུ་བརྫངས། གཞན་རྣམས་ཀྱིས་ཕན་མ་ཐོགས་ཀྱང་། ལོ་ཙྪ་བ་རིན་ཆེན་བཟང་པོ་དང་། ལེགས་པའི་ཤེས་རབ་གཉིས་པོས་སྡེ་སྣོད་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་། ལོ་ཙྪ་བསླབས་ནས་བོད་དུ་བྱོན། ལྷ་བླ་མ་ཡེ་ཤེས་འོད་ཀྱི་ཐེ་ཚོམ་མ་ལུས་པར་བསལ། གསང་སྔགས་ཀྱི་ཆོས་མང་པོ་བསྒྱུར་བས་གསང་སྔགས་གསར་མར་གྲགས། ལྷ་བླ་མའི་ཞལ་ནས་བོད་ལ་ཕན་ཐོགས་ངོས་ཤེས་པའི་པཎྜི་ཏ་སུ་འདུག་ཅེས་དྲིས་པས། ལོ་ཙྪ་བ་རིན་ཆེན་བཟང་པོ་དང་ལེགས་པའི་ཤེས་རབ་ཀྱི་ཞལ་ནས་ཤྲའི་ཀ་མ་ལ་ཤི་ལའི་གཙུག་ལག་ཁང་ན། ཟ་ཧོར་གྱི་རྒྱལ་པོ་དགེ་བའི་དཔལ་ལས་ཐར་པར་གཤེགས་པ།ནང་པ་སངས་རྒྱས་པ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པ་དཔལ་མར་མེ་མཛད་ཡེ་ཤེས་བྱ་བ་གཅིག་གདའ་ཞེས་སྙན་དུ་གསོལ་བས།ཤིན་ཏུ་དད་ནས་དགྱེས་ཤིང་། པཎྜི་ཏ་དེ་ཅི་ནས་གདན་འདྲེན་དགོས་ཏེ། རྒྱ་བརྩོན་འགྲུསསེང་གེ་བྱ་བ། གཙང་སྟག་ཚལ་བ་གཅིག་ཡོད་པ་དེ་ལ་གསེར་མང་པོ་བསྐུར་ནས་འཁོར་བརྒྱ་ཙམ་དང་བཅས་ཏེ། རྒྱ་གར་དུ་ཇོ་བོ་གདན་འདྲེན་དུ་བཏང་བས། དེའི་རེས་ལགདན་མ་འདྲོངས་པར་ལོ་ཙྪ་བས་ལོག་ནས། ལྷ་བླ་མས་སྐུར་