[A:91]བའི་གསེར་རྣམས་ཕྱག་ཏུ་ཕུལ། གདན་མ་འདྲོངས་པའི་རྒྱུ་མཚན་སྙན་དུ་གསོལ་ནས། ཁོང་རང་ཇོ་བོ་ལ་ཆོས་ཞུ་བ་ལ་རྒྱ་གར་དུ་ལོགདེལི་ཟླ་ལ་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་ཡང་ལོ་ཙྪ་སློབ་པ་དང་མངོན་པ་ཉན་པ་ལ་བཞུད། དེའི་དུས་སུ་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་གར་ཐང་ཁོབ་ལ་བྱོན་པས་སོག་པོའི་དམག་གིས་བཟུང་ནས། ཁྱོད་ནང་པ་སངས་རྒྱས་པའི་རྒྱལ་པོར་འདུག་པས། ཕྱི་རོལ་པའི་བསྟན་པ་ལ་ཞུགས་ནུས་ན་གཏོང་། དེ་ལྟར་མ་ཡིན་ན་གསེར་རྒྱལ་པོ་ཉིད་དང་ལྗིད་མཉམ་གཅིག་དགོས་ཟེར་བ་ལ། སྐུ་ལུས་དང་མཉམ་པའི་གསེར་རྙེད་པའི་སྐབས་སུ། བྷ་བླ་དེའི་གསུང་གིས་སངས་རྒྱས་ཀྱི་བསྟན་པ་ནི་སྲོག་ལས་ཀྱང་ཆེས་ཕངས་ལ། ད་ང་རྒས་པས་བསྟན་པའི་བྱ་བ་ཡང་ཆེར་མི་ཡོང་བར་འདུག་པས། ཤི་ཡང་སླ་ཡི། ང་བླུ་བའི་གསེར་དེས་མཐུན་གྱིས་ལ། ཇོ་བོ་ཆེན་པོ་རྗེ་བོད་དུ་སྤྱན་དྲོངས།ཇོ་བོ་དངོས་སྤྱན་མ་འདྲོང་ས་ནའང་པཎྜི་ཏ་བསྟན་པ་ལ་ཕན་ཐོགས་པ་གཅིག་གདན་དྲོངས་ལ་སངས་རྒྱས་ཀྱི་བསྟན་པ་རྣམས་དར་བར་གྱིས་ཞེས་པའི་ཞལ་ཆེམས་ལྷ་བླ་མ་བྱང་ཆུབ་འོད་ལ་བསྐུར་ནས། ལྷ་བླ་མ་ཆེན་པོ་དེ་ཉིད་རྒྱ་གར་ཐང་ཁོབ་ཏུ་སྐུ་གཤེགས་སོ། །ལྷ་བླ་མ་བྱང་ཆུབ་འོད་དེས་ཀྱང་གསུང་སྒྲུབ་པའི་ཆེད་དུ་ཇོ་བོ་ཆེན་པོ་གདན་འདྲེན་གྱི་མི་གོ་ཆོད་མ་རྙེད་པ་ལ། གུང་ཐང་ལྷས་ཅན་གདོང་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་ལོ་ཙྪ་བསླབས་ནས། རྒྱ་གར་ནས་ཚུར་སླེབས་མ་ཁད་དུ། ལྷ་བླ་མ་བྱང་ཆུབ་འོད་ཀྱིས་བཀའ་ནན་ཆེར་བསྩལ།