[A:89]མང་པོ་རབ་ཏུ་བྱུང་། དབའ་རག་ལ་སོགས་པ་སྡེ་པ་སོ་སོར་གྱེས་པ་མང་པོ་ཡོད་དེ། འདི་རྣམས་ཀྱི་ཚུལ་བོད་ཀྱི་ཡིག་ཚང་རྙིང་པ་དང་།སྔོན་གྱི་མཁས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་དང་། ཁྱད་པར་དུ་བོད་ཀྱི་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེས་མཛད་པའི་ཆོས་འབྱུང་ཆེན་མོ་ལས་ཤེས་པར་བྱའོ། །འདི་ལ་སྔ་རབས་པ་རྣམས་ཀྱིས་བསྟན་པ་བར་དར་ཞེས་གྲགས་ཀྱང་། གླང་དར་མས་བསྟན་པ་བསྣུབས་པའི་རྗེས་སུ་དབུས་གཙང་དུ་བསྟན་པ་ཡེ་མེད་པར་ལོ་བདུན་ཅུ་རྩ་གཅིག་བྱུང་བས། སྔ་ཕྱི་གཉིས་སུ་འབྱེད་ཀྱི། གསུམ་དུ་འབྱེད་པ་མི་འཐད་ཅེས་བདག་གི་བླ་མ་ཐམས་ཅདམཁྱེན་པས་གསུངས། དེ་ལྟར་དབུས་གཙང་དུ་གཙུག་ལག་ཁང་དང་། དགེ་འདུན་གྱི་སྡེ་མང་དུ་འཕེལ་ཀྱང་། བསྟན་པའི་ཕྱག་ལེན་གཙང་མ་མེད་པའི་སྐབས་སུ། ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབོན་སྲས་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་རྗེ་བོད་དུ་སྤྱན་དྲངས་པ་ནས་བཟུང་སྟེ། བསྟན་པ་གསལ་བར་བྱས་པས།མངའ་རིས་སྟོད་ནས་དར་ཞིང་རྒྱས་པར་མཛད་པ་ཡིན་ལ། དེ་ལའང་ཇོ་བོ་ཆེན་པོའི་རྣམ་ཐར་འཛིན་པ་རྣམས་ལ་བཀའ་གདམས་པར་གྲགས་པ་ལ། དེའི་ལོ་རྒྱུས་བོད་ཀྱི་ཡིག་ཚང་རྙིང་པ་ན་འདི་ལྟར་སྣང་སྟེ། འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པ་ལ་པཎྜི་ཏ་ལ་ཐུག་དགོས་པར་འདུག་དགོངས་ནས། སྔར་གྱི་འབངས་རྣམས་ཀྱི་ནང་