[A:93]བརྩོན་འགྲུས་སེང་གེས་གྲོས་བྱས། ཇོ་བོ་ཆེན་པོའི་དྲུང་དུ་གསེར་གྱི་མཎྜལ་གྱི་དཀྱིལ་དུ་ལྷ་བླ་མས་བསྐུར་བའི་གསེར་ལིང་པ་ཆེན་པོ་དེ་བཞག གཞན་རྣམས་ཚོམ་བུའི་ཚུལ་དུ་བཀོད་དེ་ཕུལ་ནས། བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་རྒྱུ་མཚན། རྟིང་ལ་གླང་དར་མས་བསྟན་པ་བསྣུབས་ཚུལ། ལྷ་བླ་མ་ཁུ་དབོན་གྱི་དཀའ་སྤྱད་མཛད་ལུགས་རྣམས་སྙན་དུ་གསོལ་ནས། ད་ལན་ན་ནིང་སྐད་མི་གསུང་བར།ཅིས་ཀྱང་འབྱོན་པར་ཞུ་ཞེས་གསོལ་བ་བཏབ་པས། ཇོ་བོ་ཆེན་པོའི་ཞལ་ནས་བོད་ཀྱི་ཆོས་རྒྱལ་མེས་དབོན་གསུམ་པོ་དེ་ནམ་ཡང་བྱང་ཆུབ་སེམས་པའི་སྤྲུལ་པ་ཡིན་ཏེ། ཇོ་བོ་ལྷ་བླ་མ་ཁུ་དབོན་དེ་ཀུན་ཡང་བྱང་ཆུབ་སེམས་པ་ཆེན་པོ་ཡིན་པར་འདུག བྱང་ཆུབ་སེམས་པའི་བཀའ་བཅག་དུ་མི་རུང་བ་ཡིན། རྒྱལ་པོ་དེ་ལ་ང་ངོ་ཡང་གནོང་བར་ཡོད། ངའི་དྲིན་ལ་ཁོང་གི་མི་ནོར་མང་པོ་ཡང་ཆུད་ཟོས་ལ་སོང་། བོད་རྣམས་སྙིང་ཡང་རྗེ་བར་འདུག ངས་བརྟག་པ་གཅིག་བྱའི་གསུང་ནས་རྗེ་བཙུན་མ་སྒྲོལ་མ་ལ་གསོལ་བ་བཏབ་པས། བོད་དུ་བྱོན་ན་བསྟན་པ་ལ་ཕན་ཐོགས་ཤིང་། རྒྱལ་པོ་བྱང་ཆུབ་སེམས་པའི་ཐུགས་དགོངས་པར་ལུང་བསྟན་ནས། རིམ་གྱིས་བོད་དུ་བྱོན་ནས།མཐོ་ལྡིང་གི་གཙུག་ལག་ཁང་དུ་ཕྱགས་ཕེབས། ལྷ་བླ་མ་བྱང་ཆུབ་འོད་དང་མཇལ། ཐུགས་ཐེ་ཚོམ་གྱི་དྲ་བ་མ་ལུས་པར་བཅད། བྱང་ཆུབ་ལམ་གྱི་སྒྲོན་མེ་ལ་སོགས་པའི་བསྟན་བཅོས་མང་པོ་ཡང་མཛད།དེའི་དུས་སུ་དགེ་བའི་བཤེས་གཉེན་མཁས་པ་མང་པོས་ཀྱང་མངའ་