[A:94]རིས་སུ་བསྙེགས་ཏེ་བྱོན། ཐེ་ཚོམ་མ་ལུས་པར་བསལ། སངས་རྒྱས་ཀྱི་བསྟན་པ་གསལ་བར་མཛད་དོ། །དེའི་དུས་སུ་རྒྱ་གར་གྱི་ཡུལ་ན་ཇོ་བོ་ཙམ་གྱི་པཎྜི་ཏ་ཡང་གསེར་ལ་བལྟས་ནས་བོད་དུ་བཞུད།བོད་བ་ལང་ལྟ་བུའི་ནང་ན་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ཟེར་གྱིན་འདུག ལོ་བྱ་བའི་གྲགས་པ་ངན་པ་བསལ་བའི་ཕྱིར་རྒྱ་གར་དུ་བཟློག་དགོངས་ཤིང་། རྒྱ་བརྩོན་འགྲུས་སེང་གེས་ཁོང་རང་གི་བླ་མ་གཉིས་པ་གནས་བརྟན་རད་ཎ་ཨ་ཀ་ར་ལ། ཇོ་བོ་ལོ་གསུམ་ན་རྒྱ་གར་དུ་སྐྱེལ་བར་ཁས་བླངས་པས་ཀྱང་རྐྱེན་བྱས། སླར་རྒྱ་གར་དུ་གཤེགས་པར་དགོངས་པའི་དུས་སུ། དགེ་བཤེས་སྟོན་པ་ཞེས་མཚན་ཡོངས་སུ་གྲགས་པའི་སྐྱེས་བུ་དམ་པ་སྐུ་སྐྱེ་བ་བྱང་ཕྱོགས་སུ་བཞེས་ཏེ།འཁྲུངས་ཡུལ་གནམ་གྱི་བྱེ་མ་ལུང་པ། གདུང་རུས་འབྲོམ། དེའི་ནང་ནས་སྦུ། དེའི་ནང་ནས་ཡང་བཞེར། ཡབ་སྟག་གསུམ་ཀུན་ཤེ་བྱ་བའི་སྲས་སུ་འཁྲུངས་ཏེ། ཀླུ་མེས་ཀྱི་ཀ་བ་བཞི་ནང་ནས་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལ་དགེ་བསྙེན་གྱི་ལྡོམ་པ་ནོས་ཤིང་། འགྲུལ་གྱི་མཁན་པོ་སེ་བཙུན་དབང་ཕྱུག་གཞོན་ནུ་ལ་སོགས་པ་སྟེན་ནས་རྒྱུད་སྦྱངས་པའི་གང་ཟག་དམ་པ་དེས་ལྷ་བླ་མས་ཇོ་བོ་སྤྱན་དྲངས་ནས་མངའ་རིས་སྟོད་ན་ཕེབས་འདུག་ཅེས་ཐོས་པས། སྙེད་པར་དཀའ་བའི་མི་ལུས་ཐོབ་པའི་སྐབས་འདིར་ཆོས་གཤའ་མ་གཅིག་བྱེད་དགོས།དེ་ལ་རྒྱ་གར་གྱི་པཎྜི་ཏ་གཅིག་དང་མཇལ་དགོས་པར་དགོངས་ནས།མངའ་རིས་སུ་བསྙེགས་ཏེ་བྱོན། ཇོ་བོ་ཆེན་པོ་ཞག་གསུམ་ན་རྒྱ་གར་