R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A):
[A:༣]སྒོ་ཕྱི་འགྱུར་གསར་མ་ལ་བྱེ་བས་གནས་ལ་མིང་ཆགས་ས་སྐྱའི་གདན་ས་བཏབ་ཚུལ་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་ལས། དེ་ནས་ཡིག་གེ་ས་དང་ཀ། དང་པ་དག་ཏུ་བརྗོད་པ་དང་། ཞེས་དང་། སྔོན་གྲུབ་པའི་སློབ་དཔོན་ཆེན་པོ་པདྨ་ཀ་རས་གནས་དང་གང་ཟག་ལུང་བསྟན་ཅིང་། ས་སྐྱའི་ཕྱོགས་བཞིའི་བྲག་ལ་གནད་ཀྱི་མ་བཅའ་མཆོད་རྟེན་བཞི་བཞེངས་བར་མཛད་པ་དང་། ཇོ་བོ་རྗེ་བོད་དུ་བྱོན་པའི་ལམ་དུ་ས་དཀར་ལོགས་ལ་ཕྱག་མཆོད་རྒྱས་པ་ཞིག་མཛད་དེ་ཕ་གིའི་ངོས་ལ་ཧྲི་གཅིག་དྷི་བདུན་ཧཱུཾ་གཅིག་འདུག་པ་མ་འོངས་པ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་གཅིག།འཇམ་དབྱངས་ཀྱི་སྤྲུལ་པ་བདུན། ཕྱག་རྡོར་གྱི་སྤྲུལ་པ་གཅིག་བྱོན་ནས་འགྲོ་དོན་མཛད་པའི་ལྟས་ཡིན་ཞེས་ཇི་ལྟར་ལུང་བསྟན་པ་བཞིན་འཁོན་དཀོན་མཆོག་རྒྱལ་པོ་དགུང་ལོ་བཞི་བཅུ་པ་རབ་བྱུང་དང་པོའི་ཆུ་གླང་། ཕྱི་ལོ་ ༡༠༧༣ ལོར་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོ་བཏབ། དེ་ནས་བཟུང་ས་སྐྱ་བ་ཞེས་གྲགས་ཏེ། དེ་ལྟར་ན་ལྷ་