R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A):
[A:༤]རིགས། འཁོན་གདུང་། ས་སྐྱ་པ་ཞེས་མཚན་མཆོག་གསུམ་ལྡན་གྱི་གྲགས་དཀར་ཡང་པའི་མཐའ་གྲུ་ཀུན་ཏུ་ཁྱབ་པོ།། དེའི་སྲས་དཔལ་བརྩེ་བ་ཆེན་པོ་ཀུན་དགའ་སྙིང་པོ་ནི། གནས་ཁའུ་པ་སོགས་ཀྱི་འོད་གསལ་གྱི་གཟིགས་ངོ་བཞིན་འཕགས་པ་སྤྱན་རས་གཟིགས་ཉིད་བསམ་བཞིན་དུ་མཚན་མཆོག་གསུམ་ལྡན་གྱི་གདུང་ལས་རབ་བྱུང་གཉིས་པའི་ཆུ་ཕོ་སྤྲེའུ་ལོར་འཁྲུངས་ཏེ་ནར་སོན་པ་ན་ཀུན་ལ་མ་འདྲིས་པའི་མཛའ་བཤེས་དམིགས་པ་མེད་པའི་ཐུགས་བརྩེ་ཆེ་བས་ཀུན་གྱིས་བརྩེ་བ་ཆེན་པོ་གྲགས། སྐུ་གཞོན་ནུའི་དུས་ཁམས་པ་ཞིག་ལ་ཕྱག་སྟོང་སྤྱན་སྟོན་མཚོན་བྱེད་ཕྱག་མཐིལ་ནས་སྤྱན་ཞིག་དངོས་སུ་བསྟན་པ་ཡོངས་སུ་གྲགས་པས་མངོན་སུམ་རྗེས་དཔག་གང་གིས་ཀྱང་འཕགས་པའི་སྤྲུལ་བར་སོམ་ཉི་བྲལ་ཞིང་། རྒྱ་གར་དུ་ཡང་། བིར་ཝ་པའི་རྣམ་འཕྲུལ་ས་སྐྱ་པ་ཞེས་པའི་གྲགས་སྙན་གྱི་བདུད་རྩི་ཕྱོགས་བྲལ་ཐོས་འཛིན་གྱི་དཔྱིད་དུ་སིམ་པའི་བསྟན་པའི་ཤིང་རྟ་ཆེན་པོ། མཉམ་མེད་སྟོབས་བཅུ་མངའ་བ་ཀུན་གྱི་