[A:༦]ལ་རག་ལས་ཤིང་། ཆོས་ཀྱང་རྣམ་པར་དག་པ་ནི། སངས་རྒྱས་ཀྱི་གསུང་རབས་དང་མཐུན་པ་ཞིག་དགོས། ཆོས་ཀྱི་གནད་ལ་སངས་རྒྱས་ལས་མཁས་པ་འཇིག་རྟེན་གསུམ་ན་མེད་དེ། ས་སྐྱ་པཎྜི་ཏས། རྫོགས་སངས་རྒྱས་ལས་མཁས་པ་ཡིན། །གང་ཟག་འཇིག་རྟེན་གསུམ་ན་མེད། །དེས་ན་དེ་ཡི་གསུངས་པ་ཡི། །མདོ་རྒྱུད་རྣམ་པར་དཀྲུག་མི་བྱ། །མདོ་རྒྱུད་དཀྲུག་ན་ཆོས་སྤོང་ཞིང་། །འཕགས་པ་རྣམས་ཀྱང་སྨད་འགྱུར་ཞེས། །མགོན་པོ་བྱམས་པས་རྒྱུད་བླར་གསུངས་། །ཞེས་གསུངས་པའི་ཕྱིར། ཚད་མར་གྱུར་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཝ་ར་ཎ་སི། བྱ་རྒོད་ཕུང་རི། མཉན་ཡོད་སོགས་སུ་ཐུན་མོང་གི་གདུལ་བྱ་སོ་སོའི་ཁམས་དབང་དང་མཐུན་པའི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན་ཏེ། ཇི་སྐད་དུ་མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། ཆོས་ཀྱི་ཕུར་པོར་མཐུན་པར་གསུང་། ཞེས་པ་ལྟར། གདུལ་