R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༡༨
[A:༡༨]གྱེན་དུ་བཟློག སླར་སེལ་གོལ་གཏོགས་པས་ཆུ་བོ་སྔར་བཞིན་འབབས་པར། ཀོ་མཁན་ཧ་ཅང་དད་དེ་རྗེས་སུ་འབྲངས་པ་ནི་ཌོམ་བྷི་པ་ཡིན། དེ་ནས་དཔོན་སློབ་གཉིས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཌ་ཀི་ནི་སཱ་ཏ་ཞེས་པའི་ཆང་ཚོང་མ་ཀ་མ་རུ་པ་ས་དྷི་དྷ་ཞེས་པ་ལས་ཆང་ཉོས། རིན་ཅི་དུས་སྤྲོད་ཟེར། ཉི་གྲིབ་མཚམས་སུ་རི་མོ་མཛད་དེ་འདི་ནམ་ཡོལ་བ་ན་ ན་གསུངས་ཉི་མ་གཏེང་པར་བཞག་ནས་ཆང་ཐམས་ཅད་ཟད་པར་གསོལ་ཡང་། ཉི་གྲིབ་ཅུང་ཟད་ཀྱང་མ་ཡོལ་དབྱུག་གུ་ཆུ་ཚོད་ཐམས་ཅད་འཁྲུགས། སྐྱེ་རྒུ་ཐམས་ཅད་གཉིད་ཀྱིས་ར་རོ་བས་རྣལ་འབྱོར་དབང་ཕྱུག་གི་ནུས་པ་ཡིན་པར་ཤེས་ཏེ་རྒྱལ་པོས་ཉི་མ་བཏང་བར་ཞུས་ཏེ་ཆང་རིན་འཇལ་བས་དམར་ཧྲིལ་གྱིས་ནུབ་པར་གྱུར་ཏེ། ཞག་གསུམ་གྱི་མཚན་ཕྱེད་ཙམ་སོང་འདུག།དེ་ལྟར་གངྒ་ལན་བཟློག་ཅིང་། ཉི་མ་གཏེང་པར་བཟུང་བའིི་གྲགས་སྙན་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ།། དེ་ནས་ལྷོ་ཕྱོགས་བྷེ་མེ་ཧ་སར་ལྷ་རྟེན་དགས་པ་དང་། འཁྲིད་