R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༡༩
[A:༡༩]པ་སོགས་རྫུ་འཕྲུལ་བརྟུལ་ཞུགས་ཀྱི་བཀོད་པ་བསམ་མི་ཁྱབ་བསྟན་པས་དད་པ་ལ་བཀོད་དེ་དེའི་ནང་ནས་རལ་པ་ཅན་གཅིག་རྗེས་སུ་འབྲང་པ་ནི་ཤར་ཕྱོགས་ནག་པོ་བ་ཡིན། དེ་ལྟར་དཔོན་སློབ་གསུམ་གྱིས་མཐུ་སྟོབས་ཀྱི་སྒོ་ནས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད། སྔར་ཕྱག་ཕྱིར་འབྲང་པའི་གཉན་པ་དེ་རང་དང་རྟོགས་པ་མཉམ་པར་བྱིན་གྱིས་བརླབས་ཏེ་ཌོམ་བྷི་ཧེ་རུ་ཀར་གྲགས་པ་རྒྱ་གར་ཤར་ཕྱོགས་ར་ཌའི་ཡུལ་གྱི་རྒྱལ་པོ་དེ་ཧ་འདུལ་བར་བཏང་། དེ་ནས་དཔོན་སློབ་གཉིས་དི་བི་ཀོ་ཊིའི་ཁ་སརྦ་ཎའི་དྲུང་དུ་བྱོན་པར་འཕགས་པས་ཁྱེད་ཀྱི་བསྟན་པར་བྱ་བ་ཆེན་པོ་བྱས་འོན་ཀྱང་སེམས་ཅན་གྱི་ལས་ཐ་དད་པས་སྙིང་རྗེས་ཐབས་མཁས་ཀྱིས་ཤིག་གསུངས། དེ་ནས་ལྷོ་ཕྱོགས་སོ་བ་ན་ཐར་གཙུག་ལག་ཁང་དང་། དགེ་འདུན་གྱི་སྡེ་བཙུགས། སེམས་ཅན་ཁྲི་ཕྲག་མང་པོའི་སྲོག་སྐྱབས་པར་མཛད། ནག་པོ་བར་ལམ་འབྲས་རྩ་བ་རྡོ་རྗེ་ཚིག་རྐང་གནང་སྟེ་རང་དང་རྟོགས་པ་མཉམས་པར་མཛད། ཨོ་