[A:༢༡]ཕྱོགས་ནག་པེ་པ་སྐུ་ལུས་བརྒྱ་སྟོང་དུ་སྤྲུལ་ནས་དེས་ཡུལ་དབས་ཀྱི་རྣལ་འབྱོར་པ་ཌ་མ་རུ་པ་ལ་གནང་། དེ་ནི་ཡུལ་ཉེར་བཞི་གནས་སོ་གཉིས་ཐམས་ཅད་དུ་ཌ་མ་རུ་འཁྲོལ་ཞིང་སྤྱོད་པ་མཛད་ནུས། དེས་ཡུལ་དབུས་ཀྱི་རྒྱལ་པོ་སེང་གེ་རྣམ་པར་བརྩེན་པ་ལ་གནང་སྟེ་རྟོགས་པའི་གོ་འཕང་མཐོན་པོར་གཤགས་པས་བྱིས་པ་མང་པོའི་གསེབ་ཏུ་གཉིས་སྤང་གི་སྤྱོད་པ་མཛད་བཞིན་བཞུགས་པས་ཨ་ཝ་དྷུ་ཏི་པ་ཞེས་གྲགས། དེས་རྒྱལ་པོའི་ཡི་གེ་པའི་རིགས་གཡ་དྷ་ར་ཞེས་པར་གནང་། དེ་ནི་སྐྱེས་རིམ་ལ་བརྟན་པ་ཐོབ། སྤྲུལ་སྐུ་འགའ་མཐོང་བ། རྡོ་དྲིལ་ནམ་མཁའ་ལ་འཇོག་ནུས་པ། གྲོང་འཇུག་ལ་ཐོགས་པ་མེད་པ་དེས་བོད་ཡུལ་མང་མཁར་མུ་གུ་ལུང་དུ་འབྲོག་མི་ཤཱཀྱ་ཡེ་ཤེས་ལ་སྒོ་སྐྱེལ་དུ་བྱོན་ཏེ། མདོར་ན་རྣལ་འབྱོར་དབང་ཕྱུག་ནས་འདི་བར་རིམ་བཞིན་ཚལ་མ་སྙན་བརྒྱུད་བཞེས་གདམས་ཏེ་སྐལ་ལྡན་གྱི་སློབ་མ་ཡང་འདི་དང་འདི་ལ་འདོམས་ཤིག་ཅེས་ལུང་གིས་བསྟན་པ་ཤ་སྟག་ཡིན། འབྲོག་མི་ལོ་ཙ་བ་ནི་ཆོས་འཁོར་གྲོམ་པ་རྒྱང་