[A:༢༣]ཡ་དྷ་ར་ལ་ཇི་ལྟར་ལུང་བསྟན་པ་བཞིན་གདམས་པ་སྒོ་སྐྱེལ་དུ་བྱོན་ཏེ་ལོ་གསུམ་རིང་གསུང་ངག་རིན་པོ་ཆེ་ཡོངས་སུ་རྫོགས་པ་གནང་བས་གདམས་ངག་གཞན་ལས་འཚལ་བའི་སྤྲོས་པ་ཆོད། ཤེས་བྱ་གང་ལའང་ཐོགས་པ་མེད་པའི་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཡིན། འགོས་དང་མ་པར་ཡང་འདིའི་སློབ་བུར་གཏོགས། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གྱིས་ཐུགས་རྒྱུད་གཏམས་པས་བསྐྱེད་རིམ་ལ་བརྟན་པ་ཐོབ། ལུས་སྤྲུལ་བསྒྱུར་ནུས་པ། ནམ་མཁའ་སྐྱིལ་ཀྲུང་བཅའ་བ། འཕོ་བ་གྲོང་འཇུག་གི་སྒོ་ནས་སྐུ་ལུས་དེར་ཕྱག་རྒྱ་ཆེན་པོ་ཐོབ་རྒྱུ་ཡིན་ནའང་རྗེས་འཇུག་གི་གནད་འཆུག་པས་བར་དོར་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད། གདམས་ངག་ལ་ཐུགས་གཙིགས་ཆེ་ཡང་ཕྲིན་ལས་རྒྱས་པས་བུ་སླེབ་གྲངས་མེད་བྱོན་པས་ལམ་འབྲས་སྲོལ་བཅོ་བརྒྱད་ཞེས་པའི་ཐ་སྙད་རྗེས་སུ་བྱུང་ཡང་། གཙོ་བོ་སེ་མཁར་ཆུང་པས་རྗེ་འབྲོག་མི་ལོ་བཅུ་བདུན་མཉས་པ་གསུམ་གྱིས་བསྟེན་ཏེ་གདམས་ངག་བུམ་པ་གང་བྱོའི་ཚུལ་