[A:༢༦]དབང་བཤད་བཀའ་སོགས་བཤད་ཐབས་ཀྱི་མན་ངག་དྲུག་གི་སྒོ་ནས་གནང་། ལྕགས་རི་ལས་མི་མདའ་བའི་ཟབ་ཆོས་བཞི་བཅས་གདམས་ཏེ་ཆོས་འདིའི་བདག་པོར་དབང་བསྐུར། བཀའ་རྒྱ་ལོ་བཅོ་བརྒྱད་ཐེམས་པ་དང་ས་སྐྱ་པ་ཆེན་པོས་སྣོད་ལྡན་གྱི་སློབ་མ་ཚོར་རིམ་པར་གནང་སྟེ་གཞུང་བཤད་འཛིན་པའི་སློབ་མ་བཅུ་གཅིག་གི་ངོར་རྡོ་རྗེའི་ཚིག་རྐང་ལ་རྣམ་འགྲེལ་བཅུ་གཅིག་མཛད་པ་ནི། ཨ་སེང་ཞུ་ཀྱོག་ཡུམ་དང་སྲས་དོན་མ། །ཟླ་ཟངས་སྒ་མང་འ་འུ་གཉགས་བཅུ་གཅིག།།ཅེས་པ་ལྟར་རོ། ། ལུང་བསྟན་པའི་མཆོག་གི་སློབ་མ་གསུམ་ནི་རྩེ་གཅིག་ཏུ་སྒོམ་པའི་ལུས་མ་སྤང་པར་དཔལ་རི་དང་མཁའ་སྤྱོད་དུ་གཤེགས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་རྗེ་བཙུན་རིན་པོ་ཆེ་གྲགས་པས་གཙོས་བཟོད་ཐོབ་བདུན་དང་། གཞན་ཡང་རྟོགས་པ་བརྙེས་པའི་སློབ་མ་རབ། ཐུགས་ཀྱི་སྲས་བདུན། སྒ་ལོ་གཞོན་ནུ་དཔལ། ནེ་ཚེ་སྦལ་སྟོན། གཤེན་རྡོར་སེང་ལ་སྟོད་དཀོན་མཆོག་མཁར་སྟེ་མཆོག་གི་མཁས་