R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༣༠
[A:༣༠]ཀྱི་ཡོན་ཏན་ལ་རང་བྱན་ཚུད་པས་ཕྱི་ནང་གསང་བའི་ལམ་རྟགས་མངོན་དུ་གྱུར་ཚུལ་ཡང་། ཁ་ཆེ་པཎ་ཆེན་གྱིས་ཉ་ཟླ་གཟའ་འཛིན་གྱི་སྒོ་ཡིག་བཏབ་པ་ན་རྗེ་བཙུན་གྱིས་རོ་རྐྱང་གཉིས་ཀྱི་རླུང་སེམས་འགྲོ་འོང་བཀག་སྟེ་དབུ་མའི་ནང་ཁམས་དཀར་དམར་བསྲེས་པས་གཟའ་འཛིན་གྱིས་སྒྲིབ་པ་མ་བྱུང་། པཎ་ཆེན་གྱི་གསུང་ལས། ང་བརྫུན་མར་བཏང་བའི་ཆེད་དགེ་བསྙེན་བགྲེས་པོ་དེ་ལ་དཀའ་ལས་ཅི་ཡང་བྱུང་སོང་ཞེས་གསུངས་པ་དང་། པཎ་ཆེན་ཕེབས་དུས་ཧར་གྱིས་བཞེངས་པས་རྡོ་དྲིལ་ནམ་མཁའ་ལ་བཞག་པ་སོགས་བློ་ལས་འདས་པའི་གྲུབ་མཚན་གྱིས་ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲིས་ཀྱང་མཧཱ་བཛྲ་དྷ་ར་གསང་བ་འདུས་པ་ཞེས་བསྔགས་ནས་གཙུག་གི་ནོར་བུས་བསྟེན་ཅིང་གསུང་གི་བདུད་རྩི་གསོལ་བས་འཕགས་པ་རྡོར་འཛིན་བྱེ་བའི་གཙུག་རྒྱན་དུ་ངེས་པ་རྙེད། ལྷག་པར་དགུང་ལོ་ལྔ་བཅུ་ང་དྲུག་པར་སྙེ་མོ་གཙང་ཁ་དགོན་དུ་བཞུགས་དུས་རྗེ་ས་ཆེན་དངོས་སུ་བྱོན་ཏེ་ལམ་འབྲས་བདྷཱ་དོན་གསལ་བའི་གདམས་པ་ཁྱད་པར་ཅན་བསྩལ། ཞིང་