R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༣༡
[A:༣༡]སྦྱངས་པས་གནས་ཡུལ་མཆོག་དམན་ལ་མ་ལྟོས་པར་མཁའ་འགྲོའི་བསུ་བ་ལན་མང་བཟློགས་ཏེ་སྐུ་ཚེའི་འདུ་བྱེད་ཡང་ཡང་བྱིན་གྱིས་བརླབས་ཤིང་སློབ་མ་ཡང་གྲགས་པའི་མཐའ་ཅན་བརྒྱད། ལོ་ཙ་བ་ཆེན་པོ་གསུམ། གུར་རྒྱན་ཞུས་པའི་སློབ་མཆོག་བཞི། མོན་བཛྲ་ར་ཛ་སོགས་གྲངས་མེད་བསྐྲུན་ཏེ་ཟབ་རྒྱས་ཀྱིས་བསྟན་པ་རྒྱས་པར་མཛད། འཇིག་རྟེན་གྱི་ཁམས་གསེར་མདོག་ཅན་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆ་བྱད་དུ་ས་ལམ་ཕལ་ཆེར་བགྲོད་དེ་སྐྱེ་བ་གསུམ་པར་འཚང་རྒྱ་བར་མངོན་སུམ་ལུང་བསྟན་བརྙེས། དེའི་གཅུང་འཁོར་དཔལ་ཆེན་འོད་པོའི་སྲས་འཇམ་དཔལ་དབྱངས་ས་སྐྱ་པཎྜི་ཏ་ཆེན་པོ་ནི། གཟིགས་པ་རྣམ་པ་ལྔས་ཀླུའི་རྒྱལ་པོ་རིན་པོ་ཆེའི་རྒྱན་ཅན་གྱི་ཟོལ་གྱིས་ལྷུམས་སུ་བཞུགས། ཡུམ་ལ་སྔར་མེད་ཀྱི་ཏིང་ངེ་འཛིན་འཁྲུངས། བལྟམས་པ་ན་འོད་ཀྱིས་ཁྱབ་པ་དང་། འཁྲུངས་ཙ་ན་སཾ་སྐྲྀ་ཏའི་སྐད་མང་པོ་གསུངས་ཤིང་སྐུའི་བཀོད་པ་དཔགས་པར་དཀའ་བའི་བསོད་ནམས་ཀྱི་ཚོགས་ཆེན་རྫོགས་པའི་འབྲས་