R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༣༡
[A:༣༡]རྟགས་བལྟ་བས་མི་ངོམས་པའི་དབུ་ལ་གཙུག་ཏོར་དང་སྨིན་མཚམས་སུ་མཛོད་སྤུ་དུང་ལྟར་དཀར་བ་སོགས་དངོས་སུ་མཇལ་རྒྱུ་ཡོད་པའི་མཚན་བཟང་ཅན་རབ་བྱུང་གསུམ་པའི་ཆུ་ཕོ་སྟག་གི་ལོར་འཁྲུངས། དེ་ཡང་མ་ནས་མིར་གྱུར་སྐུའི་སྐྱེ་བ་པཎྜི་ཏ་ཉི་ཤུ་རྩ་ལྔར་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བར་གྲགས་ཤིང་། ངེས་དོན་དུ་ཁ་ཆེ་པཎ་ཆེན་ལ་སྒྲོལ་མས་ལུང་བསྟན་པ་དང་། མཁས་པ་གཙང་ནག་པ་དང་། ལྷ་རྗེ་བི་རྫི་སོགས་ཀྱིས་གཟིགས་སྣང་མང་པོས་འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཡིན་པའི་རྒྱུ་མཚན་དུ་མ་རྣམ་ཐར་དུ་གསལ། དྲང་དོན་སྐུ་ཚེ་འདིར་ཡང་ལན་རེ་ཟུང་རེ་གསན་པ་ཙམ་གྱིས་ཕྱི་ནང་གི་རིག་པའི་གནད་མཐའ་དག་ཐུགས་སུ་ཆུད་དེ་ཤེས་བྱའི་གནས་གང་ལ་ཡང་མི་འཇིགས་པའི་སྤོབས་པ་རྙེད། བླ་མ་དང་འཇམ་དབྱངས་དབྱེར་མེད་དུ་གཟིགས་པས་ཕྱི་ནང་གི་རྟེན་འབྲེལ་ལ་དབང་བསྒྱུར། གཞན་ཡང་། རྒྱ་གར། བལ་སེང། ཁ་ཆེ། བོད་བཅས་ཀྱི་བཤེས་གཉེན་གྲངས་མེད་བསྙེན་