R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༣༤
[A:༣༤]དྲུག་ཚུར་རྒོལ་བར་ཆས་པ་ན། ཚད་མ་གསུམ་གྱི་རིག་པས་རྒོལ་བ་རྣམས་རེ་རེ་ནས་སུན་ཕྱུང་སྟེ་མི་སྨྲ་བའི་བརྟུལ་ཞུགས་ལབཀོད། རལ་པའི་ཁུར་བྲེགས་ཏེ་དབང་རྣོན་ཆོས་ཀྱི་རྗེས་སུ་འབྲངས་པ་སོགས་གངས་ལྗོངས་སུ་འཕགས་ཡུལ་བའི་མཁས་པ་རིག་པས་སུན་ཕྱུང་བ་འདི་ཙམ་དུ་ཟད་དོ་ཞེས་རྒྱ་གར་ཤར་ནུབ་ཀུན་ཏུ་རླུང་ལྟར་གྲགས། སྨྲ་བའི་དབང་ཕྱུག་བོད་ཀྱི་པཎྜི་ཏ་ཞེས་ཐོག་མའི་མཚན་སྙན་གྱི་མེ་ཏོག་ཕྱོགསསུ་བྱེ། དགུང་གྲངས་དགུ་པ་ནས་བདུན་བཅུར་མ་གཤེགས་པར་ཉིན་གཅིག་བར་མ་ཆད་པར་ཆོས་ཀྱི་འཁོར་ལོ་བསྐོར་བས་སློབ་མ་ཡང་རྟོགས་པའི་བརྒྱུད་འཛིན་ཚོགས་གྲུབ་འཕགས་གསུམ། མན་ངག་བརྒྱུད་འཛིན་ལྷོ་དམར་གཉིས། བཤད་པའི་བརྒྱུད་འཛིན་ཤར་ནུབ་གུང་གསུམ། སྡོམ་དྲུག་བགྲེས་གཞོན་གྱི་མཁས་དབང་ཉི་ཤུ། གློ་ཞང་རོང་ཆག་སྟེ་སྐད་གཉིས་སྨྲ་བའི་ལོ་ཆེན་བཞི། རྒྱ་ཚ་ལུང་གིས་མཚོན་སྦས་པའི་རྣལ་འབྱོར་བཞི། གཙང་ནག་པ་སོགས་མཁས་བཙུན་ཆེན་པོ་བཞི་