R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༣༦
[A:༣༦]པ་གང་གི་ཞལ་གྱི་ཟླ་བ་བལྟ་བར་འདོད་པས་གདན་འདྲེན་པའི་ཕོ་ཉ་མང་པོ་བྱུང་བ་ལས། སྔོན་གྱི་ཐུགས་སྨོན་དང་ཁ་བ་ཅན་གྱི་གདུལ་བྱའི་དོན་དུ་ཆེན་པོ་ཧོར་གྱི་རྒྱལ་པོ་གོ་དན་གྱི་འདིར་སྣང་གི་ཕུན་སུམ་ཚོགས་པ་ན་ཇིང་གིར་གྱི་ལུགས་བཞིན་སྤྱོད་པ་ལས་ལྷག་པ་མེད། ཐ་པ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་བླ་མ་ཞིག་གལ་ཆེ་བས་བོད་ན་ས་པཎ་ལས་མཁས་པ་མེད་གཤིས་གདན་དྲོངས་ཤིག་པའི་བསྐུལ་ནན་དང་། ཆོས་རྗེ་ཉིད་ལ་བླ་མའི་ལུང་བཞིན་རྒྱ་ནག་ཏུ་གདན་དྲངས་ནས་ཀུན་གྱི་ཕུ་དུད་དུ་བཀུར། དཔག་པར་དཀའ་བའི་སྐུ་གསུང་ཐུགས་ཀྱི་མཛད་པ་དུ་མས་མཐའ་ཁོབས་ཀྱི་ཡུལ་ཆེས་མང་པོར་དམ་པའི་ཆོས་དར་བར་མཛད། རྒྱལ་པོ་གོ་དན་བསྙུན་ལས་ཐར་བའི་ཐབས་མཛད་པས་ཤིན་ཏུ་དད། འོན་ཀྱང་ཆོས་འཁོར་ཞིག་གི་སྐབས་གསེར་འོད་དམ་པའི་མདོར་རུས་སྦལ་ལ་སྤུ་མེད་པར་གསུང་པའི་སྐོར་ལ་རྟིང་ཚིག་མཛད་རྐྱེན་རྒྱལ་བློན་གྱི་མཚང་ལ་ཅུང་ཕོག་པས་མཚོ་ཁར་སྒྱུ་མའི་ལྷ་ཁང་ངོ་མཚར་ཅན་སྤྲུལ་ཏེ་ལན་གླན་པར་འདོད་པས་