R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༣༧
[A:༣༧]རྗེ་ཉིད་སྤྱན་དྲངས་པ་ན་ཏིང་ངེ་འཛིན་གྱིས་བརྟན་བཞུགས་ཀྱི་མེ་ཏོག་འཐོར་བར་མཛད་པས་སྒྱུ་མའི་འཕྲུལ་འཁོར་གཤིགས་པར་མ་ནུས་པས་རྒྱལ་པོ་འཁོར་བཅས་ཤིན་ཏུ་དད་པའི་གནས་ལ་བཀོད། ལྷ་ཁང་དེ་ལ་བྱང་ཕྱོགས་སྤྲུལ་པའི་སྡེའི་ལྷ་ཁང་ཞེས་གྲགས་ཤིང་དེང་སང་ཡང་མཇལ་རྒྱུ་ཡོད་པ་ཡིན། གངས་ལྗོངས་ཀྱི་སྐྱེ་བོ་ཀུན་གྱིས་འབྱོར་པར་རྩེ་གཅིག་ཏུ་གསོལ་བར་ཞལ་སྐྱིན་དུ་ཞལ་གདམས་ཐུབ་པའི་དགོངས་གསལ་འཕྲིན་ཡིག་ཏུ་སྩལ་བ་སོགས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་སུ་རྒྱས་པར་མཛད་དེ་མཐར་བྱང་ཕྱོགས་སྤྲུལ་པའི་སྡེ་ཡི་གནས་དེར་དགུང་ལོ་བདུན་ཅུ་པ་ལྕགས་མོ་ཕག་ལ་རིག་པ་འཛིན་པའི་སར་གཤེགས་ཤིང་རྫོགས་སྨིན་སྦྱང་བའི་ས་ལམ་ཕལ་ཆེར་བགྲོད་དེ་མངོན་དགའི་ཞིང་ཁམས་སུ་དེ་བཞིན་གཤེགས་པ་དྲི་མ་མེད་པ་དཔལ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་རོ་ཞེས་ལྷག་པའི་ལྷ་དང་བླ་མས་དངོས་སུ་ལུང་བསྟན་པར་གྲགས་ཤིང་དུས་ཕྱིས་ཆོས་རྒྱལ་འཕགས་པར་མཁས་པ་ཞིག་གི་དྲི་ལན་དུ་ཁོ་བོའི་བླ་མ་ཆོས་ཀྱི་རྗེ་