R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༣༩
[A:༣༩]མཛད། ཁྱད་པར་ལོ་རེའི་ནང་རབ་བྱུང་ཁྲི་ཁྲག་མང་པོ་བསྐྲུན། རྒྱ་ནག་ཏུ་ཆོས་འཁོར་གཅིག་ལ་དགེ་འདུན་ཁྲི་བདུན་ལ་ཆོས་དང་ཟང་ཟིང་གསེར་འགྱེད་གནང་། རྒྱལ་བའི་བསྟན་པ་ལ་སྨོད་པའི་ཟིན་ཤིང་གི་སྟོན་པ་བཅུ་བདུན་གྱི་ལོག་རྟོགས་ཡང་དག་རིག་པས་ཚར་བཅད་དེ་བསྟན་པ་ལ་བཅུག་པར་མཛད། རྒྱལ་པོ་གོ་སེ་ལས་བསྐུལ་མ་ཞུས་པ་ལྟར་ཧོར་ཡིག་གེ་མེད་པ་རྣམས་ཧོར་ཡིག་གསར་དུ་བརྩམས་པར་མཛད། ལྷག་པར་དབུ་དང་ཡན་ལག་མཚོན་རྣོན་པོས་སོ་སོར་འཕྲལ་ཏེ་འོད་ཟེར་མུ་མེད་འཕྲོ་བའི་རྒྱལ་བ་རིགས་ལྔའི་བཀོད་པ་བསྟན་པ་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་རྫོགས་པ་སོགས་སྐུ་གསུང་ཐུགས་ཀྱི་མཛད་པ་ལ་རྒྱལ་པོ་འཁོར་བཅས་མི་ཕྱེད་པའི་དད་པས་མཆོད་གནས་ཐམས་ཅད་ཀྱི་གཙོ་བར་བསྟེན་ཅིང་ཆོས་སྲིད་ཀྱི་མངའ་ཐང་ཆེ་བས་བོད་ཆོལ་ཁ་གསུམ་གྱི་བདག་པོར་གྱུར་ཏེ་འཇམ་དཔལ་རྩ་རྒྱུད་ལས། དེ་འོག་ཡི་གེ་ས་ཞེས་བྱ། །ལྷ་ཡི་རྒྱལ་པོ་ཞེས་བྱ་དེ། །ཐ་མའི་དུས་ལ་འབྱུང་བར་