R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༤༠
[A:༤༠]འགྱུར། །ཞེས་པའི་ལུང་བཞིན་བོད་ཀྱི་བླ་མས་རྒྱལ་པོ་གནང་བའི་ཐོག་མ་ཡིན། བོད་དུ་ཡང་སངས་རྒྱས་ཀྱི་བསྟན་པ་རིས་སུ་མ་ཆད་པ་ཡོངས་རྫོགས་ལ་ཉེ་འཁོན་མེད་པར་བསྐྱངས་པའི་ཕྱག་རྗེས་ཆེ། གསུང་ལས་སྐྱེས་པའི་སློབ་མ་ཡང་། ཁང་གཉན་ཞང་གསུམ། རྒྱུད་ཀྱི་བཀའ་བབས་དགའ་ལྡན་ཀུན་བཀྲས་གཉིས། མན་ངག་གི་བཀའ་བབས་ཞང་ཀུན་གཉིས། བཀའ་བཞིན་སྒྲུབ་པའི་སློབ་དཔོན་བཞི། ནུས་པའི་བདག་ཉིད་རྒྱལ་པོ་གཉིས། ཤར་པ་དུས་འཁོར་བ་སོགས་ཆེ་བའི་བདག་ཉིད་དྲུག སྣར་ཐང་བརྒྱད་པ་སོགས་དེ་དུས་སུ་བྱོན་པའི་ཁ་བ་ཅན་གྱི་བླ་དཔོན་མཁས་བཙུན་ཇི་སྙེད་པ་དེ་སྙེད་ཀྱིས་འཕགས་པ་གང་གི་ཞབས་སྤྱི་བོར་བླངས་ཏེ་གསུང་གི་བདུད་རྩི་གསོལ་བར་མཛད་པ་སོགས་འཆད་རྩོད་རྩོམ་གསུམ་ཕལ་པའི་བློར་མ་ཤོང་བའི་རྒྱལ་བསྟན་ཧ་ཅང་དར་རྒྱས་སུ་བསྐྱངས་ཤིང་། ལྷག་པར་གཙང་ཆུ་མིག་རིང་མོར་ངུར་སྨྲིག་འཛིན་ཁྲི་ཁྲག་བདུན། སྡེ་སྣོད་འཛིན་པ་སྟོང་ཕྲག་འགའ་ཤས། སྐྱེ་བོ་ཕལ་བ