R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༤༣
[A:༤༣]སྔགས་འཆང་ཆེན་པོ་ཀུན་དགའ་རིན་ཆེན་གྱིས་ས་སྐྱའི་ཕྱི་ནང་གི་རྟེན། འདུས་སྡེའི་ཁྲིམས། བཤད་སྲོལ་ཕྱག་ལེན། སྙིང་པོའི་ཉམས་བཞེས་སོགས་ས་བསྟན་ལ་སྨན་པའི་མཛད་པ་བསྐྱངས། དེ་ནས་འཇམ་མགོན་ཨ་མེས་ཞབས་ནས་བཟུངས་ད་ལྟ་ཕོ་བྲང་གཉིས་ཀྱི་གོང་མ་བདག་ཁྲི་རིན་པོ་ཆེ་དང་། གོང་མ་རིན་པོ་ཆེ་མཆེད་ཞལ་ཡབ་སྲས་ཀྱི་བར་གདུང་རབས་ཚར་དུ་དངར་བ་འཁྲུལ་མེད་རིམ་བྱོན་རྣམས་ཀྱི་མཁས་པའི་རྣམ་དཔྱོད། གྲུབ་པའི་རྩལ། ཆོས་སྲུང་བྲན་དུ་འཁོལ་ཞིང་སྣང་སྲིད་འདོད་རྒུར་བསྒྱུར་བའི་གྲུབ་མཚན་མཐོང་ཆོས་སུ་མངོན་པ་མ་ཟད། སློབ་དཔོན་ཆེན་པོ་དང་ཇོ་བོ་རྗེའི་ལུང་། རྗེ་ས་ཆེན་ལ་ལོགས་གཞི་ཐམས་ཅད་འཇམ་དབྱངས་ཀྱི་གང་བའི་གཟིགས་སྣང་བཅས་ཀྱིས་གདུང་བརྒྱུད་རིམ་པ་ཚད་མའི་སྐྱེས་བུར་ཡང་དག་པར་ཤེས་ནས་སོ། གསུམ་པ་བསྟན་འཛིན་སྐྱེས་ཆེན་ཇི་ལྟར་བྱོན་ཞིང་། བསྟན་པ་དར་རྒྱས་སུ་མཛད་ཚུལ་ནི། རྗེ་བཙུན་གོང་