R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༥༢
[A:༥༢]ཆེན་བསོད་ནམས་ལྷུན་གྲུབ་སོགས་བསྟན་འཛིན་མང་དུ་བྱོན། བར་སྐབས་ངོར་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོས་གསུང་ངག་སློབ་བཤད་སྩལ་བ་སོགས་ཀྱིས་བཤད་སྒྲུབ་ཀྱི་འབྱུང་གནས་སུ་གྱུར། འཕན་ཡུལ་ན་ལེནྡྲའི་ཆོས་སྡེ་ནི། མདོ་ལ་མཁས་པ་ཀུན་མཁྱེན་རོང་སྟོན་ཆེན་པོ་ཤེས་བྱ་ཀུན་གཟིགས་ཀྱིས་རབ་བྱུང་བདུན་པའི་ཤིང་ཡོས། ཕྱི་ལོ་ ༡༤༣༥ ལོར་ཕྱག་བཏབ། རྗེ་འདི་ཤར་རྒྱལ་མོ་རོང་དུ་སྐྲ་ཀི་སི་ཏ་ཞེས་པའི་རྒྱལ་རིགས་སུ་རབ་བྱུང་དྲུག་པའི་མེ་མོ་ལུག་ལོར་འཁྲུངས། རྗེ་བཙུན་བྱམས་པ་མགོན་པོའི་རྣམ་འཕྲུལ་དུ་ཚད་མའི་ལུང་དང་གཏན་ཚིགས་ཡང་དག་པས་གྲུབ་པར་མ་ཟད། སྐུའི་སྐྱེ་ཕྲེང་འཕགས་བོད་ཀྱི་པཎྜི་ཏ་མང་པོ་དང་། ལྷག་པར་ཀ་མ་ལ་ཤི་ལ་སོགས་སྔོན་གནས་རྗེས་སུ་དྲན་པར་ཞལ་གྱིས་བཞེས། གཞུང་ལུགས་འབུམ་ཕྲག་བཅོ་བརྒྱད་ཐུགས་ལ་མངའ་བའི་མཁས་པ་ཆེན་པོ་གཡག་མི་ཕམ་ཆོས་ཀྱི་བླ་མ་གཙོ་བོར་གྱུར་པའི་གངས་ལྗོངས་ཀྱི་མཁས་པ་མང་པོ་དང་།