R962: གངས་ལྗོངས་མདོ་སྔགས་ཀྱི་བསྟན་པའི་ཤིང་རྟ་དཔལ་ལྡན་ས་སྐྱ་པའི་ཆོས་འབྱུང་མདོར་བསྡུས་སྐལ་བཟང་ཡིད་ཀྱི་དགའ་སྟོན།

  • Pagination (Witness A): ༦༩
[A:༦༩]མཁན་ཆེན་འཇམ་དབྱངས་རིན་ཆེན་རྡོ་རྗེའི་ཐུགས་སྲས་གཞུང་ལུགས་རྒྱ་མཚའི་ཕ་མཐར་སོན་ཅིང་། རྩེ་གཅིག་སྒོམ་པའི་ཉམས་བཞེས་ལ་བརྟེན་ནས་ཆོས་རྗེ་ས་པཎ་གྱིས་དགྱེས་འཛུམས་གཡོ་བའི་ཞལ་དངོས་གསུམ་དུ་གཟིགས་པས་ཐེ་ཚོམ་གྱི་དྲ་བ་ཆོད་ཅིང་གསུང་ངག་ལམ་འབྲས་ཀྱི་ཉམས་ལེན་དཔྱིས་ཕྱིན་པས་ཟུང་འཇུག་གི་གོ་འཕང་སྐུ་ཚེ་དེར་མངོན་དུ་གྱུར་པ་འཇམ་མགོན་ངག་དབང་ལེགས་པ་དང་། མཧཱ་པཎྜི་ཏ་སྡེ་གཞུང་མཆོག་སྤྲུལ་ཨ་འཇམ་རིན་པོ་ཆེ་ཡབ་སྲས་རྣམ་གཉིས་ཀྱིས་ཆོས་འཁོར་རྒྱ་ཆེན་བསྐོར་ཏེ་འོག་མིན་གཉིས་བར་བྱིན་གྱིས་བརླབས་པའི་གནས་སྒ་ཐར་ལམ་དགོན་དང་། གཞན་ཡང་སྒ་ཐུབ་བསྟན་དགོན་སོགས་མང་པོ་ཡོད། ཁྲི་འདུར་སྐལ་བཟང་དགོན་སོགས་དང་། གཞན་ཡང་རྫ་ཆུ་ཁ། ཏྲེ་ཧོར། ནང་ཆེན། རྨར་ཁམས། བྲག་གཡབ། ལི་ཐང། དར་མདོ། གཡོན་རུ། མི་ཉག ཉག་རོང། ཚ་རོང། རྒྱ་རོང་སོགས་མདོ་ཁམས་ཁྱོན་དུ་དགོན་ཁག་མང་པོ་དང་།