[B:1b] ན་མོ་གུ་རུ་ཝེ། ལུང་རྟོགས་ཡོན་ཏན་ཆོས་ཀྱི་དཔལ་འབྱོར་ཅན། །བསྟན་འཛིན་གཙུག་རྒྱན་གྲགས་པའི་སྙན་པས་ཁྱབ། །ཐོས་བསམ་མན་ངག་དཔལ་གྱིས་མངོན་པར་ཕྱུག །ཡོན་ཏན་རྒྱ་མཚོ་ཟབ་མོའི་ཞབས་ལ་འདུད།། དཔལ་ལྡན་བླ་མའི་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་གུས་པས་བླངས་ནས་ནི། གདུལ་བྱའི་བསམ་པ་བསྐང་ཕྱིར་འདིར་བཀོད་བྱ། །དད་ལྡན་རྣམས་ཀྱིས་གུས་པས་སྤྱི་བོར་ལོངས། །དཔལ་ལྡན་བླ་མ་དམ་པ་ཆོས་གྲགས་དཔལ་བཟང་པོའི་རྣམ་པར་ཐར་པ་ལ་གཉིས་ཏེ། རིགས་དང་འབྲེལ་བ་དཀའ་བ་སྤྱད་པ་དང་། ཏིང་ངེ་འཛིན་དང་འབྲེལ་བ་ཉམས་སུ་མྱོང་བའི་ཡོན་ཏན་ནོ། །དང་པོ་ནི། འཁྲུངས་པའི་ཡུལ་ཤངས་མདའ་ཨེ་མར་འཛོམས་ཐང་དུ། གཙང་འགྲམ་པའི་དཔོན་རྒྱུད། ཡབ་དཔོན་དགེ་བདུན་ཡུམ་ཕྱུག་མོ་དཔལ་མཚོ་གཉིས་ཀྱི་སྲས་སུ་ཆུ་ཕོ་འབྲུག་གི་ལོ་ལ་སྐུ་འཁྲུངས། མཚན་གྲགས་པ་རྒྱལ་མཚན་དུ་བཏགས། སྐུ་ནས་གཞོན་ནུ་ལའང་ཆོས་ཀྱི་བྱ་བ་མ་གཏོགས་འཇིག་རྟེན་གྱི་རྣམ་གཡེང་ལ་ཐུགས་མི་འགྲོ་ཞིང་། ཀློག་ཡིག་ལེགས་པར་མཐར་ཕྱིན་པར་མཛད་དོ། ། [A:97]
གཉིས་པ་དཀའ་བ་སྤྱད་པའི་ཡོན་ཏན་ནི།
ཤངས་གཡས་རུ་ཉུག་ལྡང་གི་ཆོས་སྡེ་ཆེན་པོར་མཁན་པོ་སོ་སྟོན་འཇིགས་མེད་གྲགས་པ་དཔལ་བཟང་པོ་དང་། སློབ་དཔོན་འཇམ་དབྱངས་ཀུན་དགའ་སེངྒེ་ལ་རབ་ཏུ་བྱུང་ནས་མཚན་གྲགས་པ་དཔལ་བཟང་པོར་བཏགས། ཞང་རྒྱལ་པོ་དཔལ་དང་སྣར་ཐང་པ་སློབ་དཔོན་སྐལ་ལྡན་ལ་ཕར་ཕྱིན་གསན་ནས་མཁྱེན་པར་མཛད།
Full Ordination
ས་སྐྱར་བྱོན་དགུང་ལོ་ཉེར་གཅིག་པ་ཆུ་ཕོ་བྱི་བའི་ལོ་ཁྲུམས་