R964: ཆོས་ལུང་པ་ཆོས་གྲགས་པའི་རྣམ་ཐར།

  • Pagination (Witness B): 2a
[B:2a]ཀྱི་ཟླ་བ་དབྱར་ཟླ་འབྲིང་པོའི་མར་ངོའི་ཚེས་བརྒྱད་ཀྱི་ཕྱི་དྲོ་དྲི་མ་བཞི་ཆ་གྲིབ་ཚད་སྐྱེས་བུ་གཅིག་དང་རྐང་པ་གསུམ་གྱི་དུས་སུ་གདན་ས་ཆེན་པོ་ཤིང་ཁང་བླ་བྲང་དུ་མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཆོས་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། ལས་ཀྱི་སློབ་དཔོན་སྐད་གཉིས་སྨྲ་བའི་ལོཙྪ་བ་བྱང་ཆུབ་རྩེ་མོ། གསང་སྟེ་སྟོན་པའི་སློབ་དཔོན་ལུང་རིགས་མན་ངག་ཀུན་གྱི་བདག་པོ་མཁས་པ་ཆོས་ཀྱི་བཤེས་གཉེན། དུས་སྒོ་བ་སློབ་དཔོན་བསོད་ནམས་དཔལ་ལ་སོགས་པ་དད་པའི་དགེ་འདུན་མཁས་ཤིང་བཙུན་པ་རྣམས་ཀྱི་དྲུང་དུ་བསྙེན་པར་རྫོགས་པར་མཛད། གྲྭ་ཚང་གི་ཕྱོགས་རིས་དང་། སྡེ་དང་དགོན་པ་འཛིན་པ་ལ་སོགས་པའི་ཐུགས་ཀྱི་སྤྲོས་པ་བཅད། བྱ་བྲལ་ལ་ཐུགས་ཐག་བཅད་ནས་བླ་མ་གང་བཟང་ལ་ཆོས་དང་གདམས་ངག་བསམ་གྱིས་མི་ཁྱབ་པ་ཞུས་ཐུགས་ཉམས་སུ་བཞེས་སྙམ་པ་ཐུགས་དགོངས་ལ་འཁྲུངས། ཆོས་རྗེ་བསོད་རྒྱལ་བ་ལ་སྨོན་འཇུག་སེམས་བསྐྱེདསྐྱིད་སྡུག་ལམ་འཁྱེར་དང་། ཆོས་ཕྲན་འགའ་ཡར་དང་། ཕུར་པ་ས་ལུགས་ཀྱི་དབང་དང་། བརྟག་གཉིས་ཀྱི་བཤད་[A:98]པ་གསན། སོ་སྟོན་འཇིགས་མེད་གྲགས་པ་ལ། ཁྲོ་བོ་རེག་ཚིག་གི་དབང་། རྣམ་འཇོམས་ལ་སོགས་པའི་རྗེས་གནང་འགའ་རེ་གསན། བརྟག་གཉིསསྤྱོད་འཇུག་གི་བཤད་པ་གསན་ཞིང་མཁྱེན་པར་མཛད། འདུལ་བ་ལུངས་སྐྱ་པའི་བཀའ་འབུམ། གཞན་ཡང་ལུང་དང་ཆོས་བཀའ་འགའ་རེ་གསན་འདའ།
བླ་མ་བྱ་བྲལ་བ་བསོད་རིན་ལ་རྩ་བའི་