R964: ཆོས་ལུང་པ་ཆོས་གྲགས་པའི་རྣམ་ཐར།

  • Pagination (Witness B): 2b
[B:2b]བླ་མར་བཟུང་ནས་རྡོ་རྗེ་ཕྲེང་བ། བདེ་མཆོག་ལུ་ནག་དྲིལ་གསུམ། སྒྲོལ་མ་ལུས་དཀྱིལ་ལྷ་བཅུ་བདུན་མ་ལ་སོགས་པའི་སྒྲོལ་མའི་བཀའ་འགའ་རེ། གཤེད་དམར་ལྷ་ལྔ། མི་གཡོ་བླ་མེད། ཚེ་དཔག་མེད་གྲུབ་རྒྱལ་མ། བདེ་མཆོག་མཁའ་འགྲོ་རྒྱ་མཚོ། ཀྱེ་རྡོར་དགྲ་ནག་འཇིགས་བྱེད་སྐོར་གསུམ། འཁོར་ཆེན་ཚོགས་བདག་དམར་ཆེན་ཆ་ལག་དང་བཅས་པ། ཛཾ་བྷ་ལ་ཁྲོ་བོ་ཡུམ་ཅན་གྱིས་བསྐོར་བ། གདུགས་དཀར་མི་འཁྲུགས་པ་ལ་སོགས་པ་བཀའ་དང་རྗེས་གནང་ཆེ་ཆུང་འདྲེས་པ་མང་པོ་གསན། བློ་སྦྱོང་གི་སྐོར། གཅོད་ཟབ་དོན་ཐུགས་སྙིང་། བདག་ཐོག་གཅིག་མ་ལ་སོགས་པ་གཅོད་ཀྱི་སྐོར་ཚང་ཞིང་རྒྱས་པ་གསན་ནས་ཐུགས་ཉམས་སུ་བཞེས། སྦྱོར་བ་ཡན་ལག་དྲུགམི་གཡོ་བའི་ཆོས་དྲུག །ཤངས་པའི་ཆོས་སྐོར། གཞན་ཡང་ཁྲིད་དང་ལུང་མང་པོ་གསན་ཞིང་ཐུགས་ཉམས་སུ་བཞེས། སློབ་དཔོན་རིན་བཟང་ལ་མངོན་པ་གསན་ནས་ཉུག་གི་ཆོས་སྡེར་མངོན་པ་དང་། ཕར་ཕྱིན་ལོ་མང་ཚད་གསུངས། ཤངས་སྤོང་ལྷ་བ་རྟོགས་ལྡན་རིན་རྒྱལ་ཟེར་བའི་གྲུབ་ཐོབ་ཆེན་པོ་གཅིག་བྱུང་བ་ཆུ་བོ་སྦུགས་སུ་འཇུག་ནུས་པའི་རྣལ་འབྱོར་པ་དེ་ལ་ཕ་དམ་པའི་ཞི་བྱེད་ཆོས་སྐོར་ཆ་ལག་དང་བཅས་པ་ཚང་བར་གསན། འབྱག་པ་[A:99]ཆོས་རྗེ་བྱམས་པ་དཔལ་ལ་ནི་གུ་ཆོས་དྲུག་གི་སྐོར་ཆ་ལག་ཚང་བ་ཆོས་སྐྱོང་ཕྱག་དྲུག་པའི་ཆོས་སྐོར་ཆ་ལག །མདོར་ན་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར་ཆ་ལག་དང་བཅས་པ་ལོ་བདུན་བརྒྱད་ཀྱི་བར་དུ་གསན་ཞིང་ཐུགས་ཉམས་སུ་བཞེས། བླ་མ་ཁྱུང་ལྷས་པ་དང་ལོཙྪ་བ་རིན་ཆེན་རྣམ་རྒྱལབཀའ་བཞི་པ་ཤེས་རབ་དཔལ་བཟང་ལ་བུ་སྟོན་རིན་པོ་ཆེ་ནས་བརྒྱུད་པའི་ཡོ་