[B:3a]གའི་བཀའ་ལུང་གསང་འདུས་འཕགས་སྐོར་ཡེ་ཤེས་ཞབས་ལུགས། ཇོ་བོའི་ལུགས་ཐུགས་རྗེ་ཆེན་པོ་པདྨ་དྲ་བ། བདེ་མཆོག་ལྷ་ལྔ། གསང་འདུས་ལུས་དཀྱིལ་ཚེ་དཔག་མེད་ལྷ་དགུ་མ་གཟུངས་གྲྭ་ལྔ་སོགས་བཀའ་ལུང་དཔག་ཏུ་མེད་པ་གསན། བླ་མ་ཚུལ་རྒྱལ་བ་ལ་གསང་འདུས། གཉིས་མེད་རྣམ་རྒྱལ། མཧཱ་མཱ་ཡ་ལ་སོགས་པ་གསང་སྔགས་ཀྱི་དབང་བཀའ་བརྒྱ་ལྷག་པ་གཅིག་གསན། བདེ་ཆེན་པ་བླ་མ་ཆོས་ཀྱི་དཔལ་ལ་དུས་འཁོར་དབང་བཤད་པ། སྦྱོར་བ་ཡན་ལག་དྲུག་ཆོས་སྐོར་ཆ་ལག་དང་བཅས་པ་གསན།
ཆོས་རྗེ་ཀུན་བཀྲས་པ་ལ་ས་སྐྱ་པའི་ཀྱེ་རྡོ་རྗེའི་དབང་གི་ཆུ་བོ་ཆེན་པོ་དང་། བདག་མེད་མ་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་དབང་བཀའ་གཞན་ཡང་འགའ་རེ་དང་། ས་སྐྱ་པའི་འདོད་རྒྱལ། ཚོགས་བདག་ལ་སོགས་པའི་ཟབ་ཆོས་འགའ་རེ་དང་། རྗེ་བཙུན་གོང་མ་གསུམ་གྱི་བཀའ་འབུམ། གཞན་ཡང་ལུང་དང་རྗེས་གནང་མང་དུ་གསན། བསམ་ལྡིངས་པ་བླ་མ་ཆོས་དཔལ་བཟང་པོ་ལ་ཡང་དགོན་པའི་རི་ཆོས་སྐོར་ཆ་ལག་ཚང་བར་གསན། སྲིབས་ཆུང་བ་ལྕེ་སྟོན་དབང་ཕྱུག་རྡོ་རྗེ་ལ་རྡོ་རྗེ་གདན་བཞིའི་བཀའ་ལུང་ཚང་མ། ཀྱེ་རྡོར་རྔོག་ལུགས་དང་ཆོས་སྐོར་ཚང་བ་མ་ལུས་མར་འགོས་[A:100]ཀྱི་བཀའ་ལུང་ཚང་མ་གསན།
གཉེག་ཕུག་པ་མཁན་ཆེན་བསོད་ནམས་བཟང་པོ་ལ་རྣམ་སྲས་གསང་སྒྲུབ་མདུང་དམར་ཅན་ལ་སོགས་པ་རྣམ་སྲས་ཀྱི་ཆོས་སྐོར་ཚང་མ་གསན། སྐྱིང་མཁར་བ་བླ་མ་འཇམ་དབྱངས་སེང་གེ་ལ་གུ་རུ་ཆོས་དབང་གི་བཀའ་