[A:56]གསུམ་གྱི་བདུད་ཐམས་ཅད་ལ་ཁྱབ་ཅིང་མོག་མོག་པོར་བྱས་ནས་འོད་ལས་ཚིགས་སུ་བཅད་པ། སེམས་ཅན་ཤིན་ཏུ་དག་པ་བསྐལ་མང་སྤྱོད་སྤྱད་པ། །ཟས་གཙང་སྲས་པོས་རྒྱལ་སྲིད་དག་ནི་རབ་སྤངས་ཏེ། །ཕན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་ལས་བྱུང༌། །བྱང་ཆུབ་ཤིང་དྲུང་འོང་གི་དེ་རིང་སྒྲིམཔར་གྱིས། ། ཞེས་བྱ་བ་བྱུང་བ་དང༌།
རྒྱ་ཆེར་རོལ་པ་ལས་
བདུད་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་དགའ་རབ་དབང་ཕྱུག་ཅེས་བྱ་བའི་
སྡིག་ཅན་ལ་རང་གི་ཕྱོགས་མུན་པས་ཁྱབ་པ་དང༌། བཀྲ་ཤིས་ཀྱི་དམ་པ་སྒོར་ལྷུང་བ་དང༌། སྒོ་བ་དགའ་བྱེད་མི་དགའ་བའི་སྒྲ་སྒྲོགས་པ་ལ་སོགས་པ་རྨི་ལྟས་ངན་པ་སུམ་ཅུ་རྩ་གཉིས་ཀྱང་བྱུང་ནས། བདུད་ཀྱི་དམག་ཁྲི་ཕྲག་དྲུག་ཅུ་ཞེས་པ་ནི་རིམ་པ་བཞིན་དུ་སྤྲུལ་པ་དང་རང་རྒྱུད་པ་ལ་དགོངས་གསུང༌།དཀ༷འ་བ་
འདུསཞེས་དང་བྱེ་བ་ཕྲག་སུམ་ཅུ་དྲུག
རྒྱ་ཆེར་རོལ་པ་ལས་སྡིག་ཅན་གྱི་བུ་དེད་དཔོན་ཞེས་བྱ་བའི་ཚིག་མ་ཉན་པར་བདུད་རེ་རེ་དཔག་ཚད་བརྒྱད་འོད་ཟེར༷་ལུང་ཕྲན་ཚེགས།
ཏེ། གནོད་སྦྱིན་གྲུལ་བུམ་དང་ནི་ལྟོ་འཕྱེའི་གཟུགས། །སྲིན་པོའི་གཟུགས་དང་ཤ་ཟ་ཡི་དྭགས་གཟུགས། ། འཇིག་རྟེན་མི་སྡུག་དྲན་གཟུགས་ཇི་སྙེད་པ། །ཐམས་ཅད་བརྡ་ཡི་དལ་ནི་སྤྲུལ་པ་བྱས། ། ཞེས་པ་དང༌། ཕྱོགས་རྣམས་ཀུན་ནས་རི་ཡི་ཕྲེང་བ་དང༌། །མཁའ་ལས་བྲག་དང་མཚོན་གྱི་ཆར་པ་དང༌། །རྡོ་རྗེ་འབར་བ་མཚོན་ཆར་ཕབ་པ་ཡིས། །ཤཱཀྱའི་བུ་དེ་ཐལ་བར་བརླག་པར་བྱ། །ཞེས་འདོད་ཆགས་དང་མ་བྲལ་བས། མཐོང་ཞིང་ཐོས་ན་སྙིང་ཚལ་པ་བརྒྱར་འགས་པ་ཤིན་ཏུ་འཇིགས་པའི་ཆ་བྱད། མི་སྙན་པའི་སྒྲ་སྣ་ཚོགས་སྒྲོགས་ཀྱང༌། ཤཱཀྱའི་རྒྱལ་པོ་རྟེན་ཅིང་འབྲེལ་པའི་ཆོས། །དངོས་པོ་མེད་པའི་ངོ་བོ་ཉིད་རྟོགས་ཏེ། །ནམ་མཁའ་ལྟ་བུའི་སེམས་དང་རབ་ལྡན་པས། ། གཡོན་ཅན་དཔུང་ཚོགས་དག་གིས་རྫི་བ་མེད། །ཅེས་པས་བྱང་ཆུབ་སེམས་དཔའ་