[A:66]བསྐོར༑ ༑ཞེས་སོ། །དེའི་ཚེ་ས་བླའི་ལྷ་རྣམས་ཀྱིས་ཆོས་ཀྱི་ཁྱམས་སྤྲུལ་ཞིང་ལྷ་རྣམས་ཀྱིས་སེང་གེའི་ཁྲི་བཤམས་ཏེ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བས། ནམ་གྱི་ཆ་སྟོད་ལ་
མངོན་འབྱུང་ལས་
ཅང་མི་གསུང་བར་ནམ་གྱི་གུང་ལ་ཆགས་པར་འགྱུར་བའི་གཏམ་གསུངས་སོ། །དེ་ནས་ནམ་གྱི་ཆ་སྨད་ལ་ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ཎྱ་དང༌། རྟ་ཐུལ་དང༌། རླངས་པ་དང༌། མིང་ཆེན་དང༌། བཟང་ལྡན་ཏེ་ལྔ་སྡེ་དང་ཝཱ་རཱ་ཎ་སཱི་འབབ་ཆུ་གནོད་པ་ཅན་གྱི་འགྲམ་ན་བཞུགས་པའི་ཚེ། རབ་ཏུ་བྱུང་བའི་ཁྱིམ་བདག་གཙོ་བོའི་བུ་གྲགས་པ་དང༌། གང་པོ་དང༌། རི་མེད་དང། བ་གླང་བདག་དང་༑ ལག་བཟང་སྟེ་ཝཱ་རཱ་ཎ་སཱིའི་ཁྱེའུ་གཞན་ལྔ་བཅུ་རབ་ཏུ་བྱུང་བ་ལ་སོགས་པ་གཙོ་བོར་མཛད་ནས། ཆོས་ནི། དགེ་སློང་དག འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ་ཞེས་བདེན་པ་བཞིའི་དངོས་པོ་ལ་དམིགས་པ་མཐོང་ལམ་དང༌། དགེ་སློང་དག་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་རྒྱུད་ལ་བསྟེན་པར་བྱ་ཞེས་བྱ་བ་ལ་དམིགས་པ་སྒོམ་ལམ་དང༌། དགེ་སློང་དག་སྡུག་བསྔལ་ཤེས་པར་བྱས་ཟིན། ཀུན་འབྱུང་སྤང་བར་བྱས་ཟིན། འགོག་པ་མངོན་དུ་བྱས་ཟིན། ལམ་རྒྱུད་ལ་བསྟེན་ཟིན། ཞེས་འབྲས་བུ་ལ་དམིགས་པ་མི་སློབ་པའི་ལམ་བརྗོད་པས། ཟག་མེད་ཀྱི་ཤེས་པ་རབ་ཀྱི་བསྟན་བཤད་
དེ་རེ་རེ་ཞིང་མིག་དང༌། དེ་ལ་ཐེ་ཚོམ་མེད་པས་
ཤེས་པ་དང༌། རིག་པ་དང་བློ་སྐྱེས་ཡང་དག་པའི་དོན་ཡིན་པར་རྣམ་པར་དག་པས་
སོ༑ ༑དེ་ལྟར་ཉོན་མོངས་རྣམ་བྱང་གི་རྒྱུ་འབྲས་བདེན་པ་བཞི་ལ་ལན་བཅུ་