R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 76
[A:76]འཇུག་པ་ལ་དགོངས་ནས་གོ་རིམ་ངེས་པར་བཤད་ལ་རང་རང་གི་གཞུང་ལུགས་རེ་རེ་ལ་རིགས་ཅན་གསུམ་ཀའི་ལམ་ཡོད་པར་འདོད་དོ།། །། ༈ བཅུ་གཉིས་པ་མྱ་ངན་ལས་འདའ་བའི་ཚུལ་སྟོན་པ་ནི། དེ་ནས་ཡངས་པ་ཅན་དུ་བཞུགས་ཏེ། ཀུན་དགའ་བོ་དེ་བཞིན་གཤེགས་པ་ནི་རྫུ་འཕྲུལ་གྱི་རྐང་པ་མངའ་བས། བསྐལ་པའམ་དེ་ལས་ལྷག་པར་བཞུགས་ནུས་སོ། །ཞེས་ལན་གསུམ་གྱི་བར་དུ་གསུངས་པ་དང༌། སྡིག་ཅན་གྱིས་མྱ་ངན་ལས་འདའ་བར་ཞུས་པས་གནང་ངོ༌། །སྲིད་པ་གསུམ་པོ་ཐམས་ཅད་ན་ཟླ་བ་གསུམ་ན་འདའོ་ཞེས་གྲགས་སོ། །དེའི་ཚེ་ཀུན་དགའ་བོ་མྱ་ངན་དུ་གྱུར་པ་དང༌། ཀུན་དགའ་བོ་ང་མྱ་ངན་ལས་འདས་ནས་འོད་སྲུངས་དང་
དུས་ནི་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། དཔྱིད་ཟླ་ཐ་ཆུང་ས་ག་ཟླ་བའི་ཚེས་བཅོ་ལྔའི་གུང་ཐུན་ལ་འདས་པར་བཤད་ལ། ཕྲན་ཚེགས་ཀྱི་འགྲེལ་བ་སློབ་དཔོན་ཚུལ་ཁྲིམས་བསྐྱང་གིས་མཛད་པར། སྟོན་ཟླ་ཐ་ཆུང་སྨིན་དྲུག་གི་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་གུང་ཐུན་ལ་འདའ་བར་འདོད། པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་ཞེས་སོགས་གསུངས་སོ།
ཁྱོད་གཉིས་ལོ་བཞི་བཅུ་ལྷག་ཙམ་དུ་ཚངས་
མདོ་སྙིང་རྗེ་པདྨ་དཀར་པོ་ལས།
པར་སྤྱོད་པར་འགྱུར་གྱིས་མྱ་ངན་མ་བྱེད་ཅེས་པ་དང༌། ཁྱོད་ཀྱིས་ང་མགུ་བར་བྱས་པས་མ་འོངས་པ་ན་ཁྱོད་ཀྱིས༷་གཞན་མགུ་བར་བྱེད་དོ། །ཞེས་སོ། ། གཞན་ཡང་སུམ་ཅུ་རྩ་གསུམ་དུ་སྤྲུལ་པའི་ལུས་མཛད་དེ། ལེ་ལོ་ཅན་དྲི་ཟའི་རྒྱལ་པོ་རབ་དགའ་དགེ་བསྙེན་དུ་གསོལ་བས་བདེན་པ་མཐོང་བར་གྱུར་པ་དང༌། ཀུན་དགའ་བོ་ཁྱོད་རྩྭ་ཅན་གྱི་གྲོང་ཁྱེར་དུ་སོང་ལ་རབ་བཟངས་ལ། དེ་བཞིན་གཤེགས་པ་དེ་ནི་མེ་ཏོག་ཨུ་དུམ་ཝ་ར་དང་འདྲ་སྟེ། དེང་གི་གུང་ཐུན་ལ་འདའ་ཡིས་ཕྱིས་འགྱོད་པའི་སེམས་མ་སྐྱེད་ཅིག ཅེས་སྨྲོས་ཤིག་ཅེས་གསུངས་པ་དང༌། དེས་ཀྱང་དེ་