[A:80]མཛད་པ་བརྒྱད་དུ་ཡང་འཆད་དེ། ཁབ་གནས་པ་དང་བྱང་ཆུབ་དང༌། །འཁོར་ལོ་བསྐོར་དང་གཞན་ཕམ་མཛད། །ལྷ་ལས་བབས་དང་དགེ་འདུན་མཐུན། །སྐུ་ཚེ་བྱིན་བརླབས་མྱ་ངན་འདས། །གྲོང་ཁྱེར་སེར་སྐྱར་སྐུ་བལྟམས་པ་རྣམ་པར་དག་པ་པདྨ་བརྩེགས་པའི་མཆོད་རྟེན་དང༌། མ་ག་དྷཱར་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་༑ ཝཱ་རཱ་ཎ་སཱིར་ཆོས་ཀྱི་འཁོར་ལོ་བསྐོར་བས་དཔལ་སྒོ་མང་གི་མཆོད་རྟེན་དང་༑ གཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་བས་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་དང༌། གྲོང་ཁྱེར་གསལ་ལྡན་དུ་ལྷའི་གནས་སུ་ལོ་གཅིག་བཞུགས་ནས་བྱོན་པ་ལས་ལྷ་ལས་བབས་པའི་མཆོད་རྟེན་དང༌། རྒྱལ་པོའི་ཁབ་ཏུ་དགེ་འདུན་གྱི་དབྱེན་འདུམ་པར་མཛད་པས་བྱམས་དངོས་ཀྱི་མཆོད་རྟེན་དང༌། ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ་བའི་དུས་སུ་སྐུ་ཚེའི་འདུ་བྱེད་བཏང་བ་ལ་སླར་སྐུ་ཚེ་བྱིན་གྱིས་བརླབས་པའི་མཆོད་རྟེན་དང༌། རྩྭ་མཆོག་ཏུ་མྱ་ངན་ལས་འདས་པ་ཆོས་རྒྱལ་མྱ་ངན་མེད་པའི་མཆོད་རྟེན་ནོ། །གཞན་ཡང༌། རྒྱ་ཆེ་རོལ་
མདོ་རྒྱ་ཆེ་རོལ་པ་ཆེ་ཆུང་གཉིས་ཡོད་པ་ལས་ཆེན་པོ་བོད་དུ་མ་འགྱུར་གསུངས།
པ་ཆེན་པོའི་རྗེས་སུ་འབྲངས་མཛད་པ་བཅུ་གཉིས་འདི་ལྟར་ཡང་འཆད་དེ། ལྷ་ལས་བབས་དང་བལྟམས་པ་དང༌། ། རོལ་རྩེད་མཛད་དང་མངོན་པར་བྱུང༌། །དཀའ་བ་མཛད་དང་བདུད་བཏུལ་བ། ། བྱང་ཆུབ་སེམས་དཔའི་མཛད་པ་ཡིན། །བྱང་ཆུབ་པ་དང་འཁོར་ལོ་དང༌། །ཉོན་མོངས་ཅན་བཏུལ་འདོད་ཆགས་ཅན་གཅུང་དགའ་བོ། ཞེ་སྡང་ཅན་མིའུ་ཐུང་སོར་ཕྲེང་ཅན་དང༌། གཏི་མུག་ཅན་ལྟེང་རྒྱས་འོད་སྲུངས་དང༌། ང་རྒྱལ་ཅན་ཀ་པི་ན་ལ་སོགས་པ་བཏུལ། ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ་བ་དང༌། བྱ་རྒོད་ཕུང་པོའི་རི་ལ་ནོར་སྐྱོང་བཏུལ་བ་དང༌།
དུད་འགྲོ་ནི། །དྲེགས་པ་ཅན་བཏུལ་མྱ་ངན་འདས། །སངས་རྒྱས་པ་ཡི་མཛད་པ་ཡིན། །ཞེས་སངས་རྒྱས་ཀྱི་