[A:81]བཀར་གསུངས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །ལངྐར་གཤེགས་པ་ལས། མཛད་པ་བཅུ་དྲུག་དང༌། ཡང་དག་པར་སྦྱོར་བ་ལས། མཛད་པ་བཅོ་བརྒྱད་དུ་ཡང་བཤད་མོད་ཀྱི་དེ་དག་འགལ་བར་མི་འགྱུར་བསམ་སྟེ་མདོ་ཐ་དད་པ་དང༌། རྒྱས་བསྡུས་ཀྱིས་དགོངས་པ་ཐ་དད་པའི་ཕྱིར་རོ།། །།
༈ དེའི་ཞར་ལ་བསྟན་པ་ཇི་ལྟར་བསྡུས་པའི་ཚུལ་ནི། སྟོན་པའི་ཞལ་ཆེམས་རྗེས་སུ་བསྒྲུབ་པ་དང༌། མ་འོངས་པའི་གདུལ་བྱ་ལ་ཕན་གདགས་པ་དང༌། བསྟན་པ་ལ་སྒྲོ་སྐུར་གྱི་རྩོད་པ་སྤང་བའི་ཕྱིར། བཀའི་བསྡུ་བ་ལན་གསུམ་མཛད་པ་ལས། དང་པོ་ནི་ལུང་ཕྲན་ཚེགས་ལས་ས་བླའི་ལྷ་དག་འདི་སྐད་ཅེས། སྐྱེ་བ་(ཀྱེ་མ་)འཕགས་པ་ཤཱ་རིའི་བུ་འདས་པའི་ཚེ་དགེ་སློང་བརྒྱད་ཁྲི་དང༌། མོའུ་འགལ་འདས་པའི་ཚེ་བདུན་ཁྲི་དང༌། བཅོམ་ལྡན་འདས་འདས་པའི་ཚེ་བརྒྱད་སྟོང་(ཁྲི་)འདས་ཏེ། དགེ་སློང་དབང་དང་ལྡན་པ་རྣམས་ཀྱང་འདས་པས། ཤཱཀྱའི་བསྟན་པ་དུད་པ་ཙམ་དུ་གྱུར་ཏེ། མདོ་སྡེ་དང་འདུལ་བ་དང་མངོན་པ་དག་ནི་སྒྲོག་པར་མི་བྱེད་པས་ལྷ་རྣམས་འགྲིབས་ཤིང་ལྷ་མ་ཡིན་རྣམས་འཕེལ་ལོ། །ཞེས་སྒྲོགས་པ་ན། འོད་སྲུངས་ཆེན་པོས་གནས་སྐབས་འདིར་མ་བཟོད་ནས་བསྡུ་བར་བཞེད་ནས་དེའི་ཕྱི་དེ་དབྱར་དགེ་བསྐོས་པ་གང་པོས་གཎྜི་བརྡུངས་ཏེ་གང་མ་ཚངས་བརྟགས་པས། སྔོན་ཐུབ་པས་བ་གླང་བདག་
བཞིན་མི་མཛེས་པས་གཞན་མ་དད་གྱི་དོགས་ནས་
སུམ་ཅུ་རྩ་གསུམ་གྱི་གཞལ་ཡས་ཁང་ཤིརྴ་ཀའི་ཕུག་ཏུ་བཏང་བ་དེ་མ་བྱོན་ནས་གང་པོ་འབོད་དུ་བྱོན་ཏེ། འོད་སྲུངས་ལ་སོགས་པས་འདུས་པའི་གྲོགས་ལ་གཤེགས་ཞེས་སྨྲས་པ་དང༌། དེ་རིངས་ཐབས་སུ་ཨ་རོཀྵ་བརྗོད་ནས། སངས་རྒྱས་འཇིག་རྟེན་གཞན་དུ་མ་གཤེགས་སམ། དགེ་འདུན་མི་རྩོད་དམ། ཆོས་ཀྱི་