R984: ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་ཆོས་འབྱུང་ཆེན་མོ།

  • Pagination (Witness A): 105
[A:105]དང་༑ ཤེས་ཀྱང་བར་དུ་ལེ་ལོ་ཆེ་སྟེ་བསམ་པས་ཡང་ཡང་མི་སྐྱོང་བ་དང༌། བསྐྱངས་ཀྱང་ཐ་མ་བྱ་བྱེད་སྣ་ཚོགས་ཀྱིས་སྦྱོར་བ་མི་འགྲུབ་པ་ཡིན་པས། ཁྱོད་ཀྱིས་དེ་ལྟར་མི་འགྱུར་བར་གྱིས་ཤིག་ཅེས་བརྗོད་དོ། །གསུམ་པ་བཤད་ཐབས་ཀྱི་ཡན་ལག་ལ་བཞི་སྟེ། གང་བཤད་པར་བྱ་བའི་ཆོས་ངོས་གཟུང་བ་དང༌། བཤད་པ་འབྱུང་བའི་རྒྱུ་དང༌། བཤད་བྱ་སྒྲའི་ངོ་བོ་དང༌། འཆད་པར་བྱེད་པའི་ཐབས་ཀྱི་མན་ངག་གོ། །། ༈ དང་པོ་ནི་བྱེ་བྲག་གཞུང་འདི་དང་འདི་ཡིན་ནོ། །ཞེས་དམིགས་ཀྱིས་བཀར་ཏེ་གཞུང་དེ་མཛད་པ་པོའི་ཁྱད་པར་དང༌། ཇི་ལྟར་མཛད་པའི་ཚུལ། མཛད་པའི་བསྟན་བཅོས་ཀྱི་རང་བཞིན་ལ་མཚན་གྱི་དོན་དང༌། གཞུང་གི་ཚད་དང་༑ཕྱོགས་གང་དུ་གཏོགས་པ་བསམ་པ་རྣམས་སྐབས་དང་སྦྱར་ཏེ་བཤད་དོ། ། ༈ གཉིས་པ་ལ་གསུམ་ལས་དོན་གྱི་རྒྱུ་ནི།
སྔ
་མར་སྦྱངས་ཤིང་འདིར་བརྩོན་འགྲུས་ཀྱིས་མཁས་པའི་གསུང་སྒྲོས་ཐོས་པ་དང༌། རྟོགས་པ་ཡོད་པའམ་ཐོས་བསམ་སྒོམ་པའི་ཤེས་རབ་ལས་ཏེ། རྒྱན་ལས། སེམས་དཔའ་མཆོག་གི་སྟོན་པ་ནི༑
༑ཆོས་མཆོག་མན་ཆད།
ལུང་དང་རྟོགས་
ས་བདུན་པ་མན་ཆད།
དང་དབང་
ས་བརྒྱད་པ་ཡན་ཆད༑
འབྱོར་ལས
་སའི་རྟོན་པ།
ཁ་དང་གཟུགས་དང་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་འབྱུང་བ་ཡིན། །ཞེས་སོ།། །། ༈ གཉིས་པ་སྒྲའི་རྒྱུ་ནི་ཁོག་པ་ལ་སོགས་པ་སྒྲ་འབྱུང་བའི་གནས་བརྒྱད་བཟང་བ་སྟེ། ཡི་གེའི་མདོ་ལས། ཁོག་པ་མགྲིན་པ་རྐན་དང་ལྕེ། །སོ་དང་སྤྱི་བོ་སྣ་དང་མཆུ། །ཞེས་སོ། །གསུམ་པ་སྙིང་རྗེས་ཀུན་ནས་བསླངས་པའི་བརྩོན་འགྲུས་ནི་སེམས་ཅན་ཐམས་ཅད་བསྒྲལ་བར་འདོད་པའི་སྙིང་རྗེས་ཆོས་འཆད་པ་