[A:106]ལ་སྤྲོ་དགའ་དང་བཅས་པ་སྟེ། སྤྱོད་འཇུག་ལས། བརྩོན་གང་དགེ་ལ་སྤྲོ་བའོ། ། ཞེས་སོ།། །།
༈ གསུམ་པ་སྒྲའི་ངོ་བོ་ནི། བརྡའ་དག་པ་
ཡུལ་སྐད་ངན་པ་སྤངས་པ་སྟེ།
དང༌། གངྒཱའི་ཆུ་རྒྱུན་ལྟར་
ངག་འབྲེལ་བ་དང༌། ཚངས་པ་ལྟར།
དབྱངས་སྙན་པའོ། །རྒྱན་ལས། རྒྱལ་སྲས་ཚིག་ནི་མི་ཞན་པ། །སྙན་གྱིས་ལེགས་བཤད་གྲགས་པ་དང༌། །ཅི་རིགས་པ་དང་ཟང་ཟིང་མེད། །རན་ཅིང་དེ་བཞིན་ཡངས་པ་ཡིན། །ཞེས་སོ། ། བཞི་པ་མན་ངག་ལ་གསུམ་སྟེ། བརྗོད་བྱའི་དོན་བསྟན་པ་དང༌། རྗོད་པར་བྱེད་པའི་གཞུང་བཤད་པ་དང༌། བརྒལ་ལན་གྱིས་གཏན་ལ་དབབ་པའོ།། །།
༈ དང་པོ་ནི་དོན་གྱི་དངོས་པོ་དགོད་པ་དང༌། དཀྱུས་ཀྱི་ས་བཅད་པ་དང༌། འདི་མན་ཆད་ཀྱི་དོན་ཞེས།
འོག་ནས་རྫོགས་པའི་ངག་བསྡམས་པ་གསུམ་མམ། ཡང་ན་དེ་ཡན་ཆད་བཤད་ཟིན་ནས་ད་འདི་ནས་འཆད་ཅེས་གང་ལས་འོངས་པའི་འབྲེལ་དང་༑ དགོས་པ་འདི་ཡི་དོན་ཞེས་གང་གི་ཕྱིར་བཀོད་པའི་དགོས་པ་དང༌། གཙོ་བོའི་བརྗོད་བྱ་འདི་ཡིན་ཞེས་གང་བརྗོད་བྱ་ངོས་གཟུང་བའོ།། །།
༈ གཉིས་པ་ནི་ཇི་ཙམ་འཆད་པའི་གཞུང་ཉིད་བསྟན་པ་དང༌། ཐེམ་སྦྱོར་གྱི་སྒོ་ནས་ཁྱད་པར་གྱི་གཞི་བཏུལ་བས་ངག་དོན་བླངས་ཏེ་དོགས་སྤོང་གི་སྒོ་ནས་ཁྱད་པར་གྱི་ཆོས་བཤད་པ་དང༌། ངག་ཚིག་གཉིས་ཀྱི་དངོས་ཤུགས་ལ་བརྗོད་བྱ་ཇི་ལྟར་བསྟན་པའི་ཚུལ་ལོ།། །།
༈ གསུམ་པ་ནི་གཞུང་སྔ་མ་དང་ཟློས་པ་དང༌། ལུང་གཞན་དང༌། ཁས་བླངས་དང༌། རིགས་པ་དང་འགལ་བ་དང་མ་འབྲེལ་ལོ། །ཡང་ཞེས་བསམ་པ་མ་རྟོགས་པའི་རྒོལ་བ་འགོད་པ་དང༌། བརྗོད་བྱ་དང་དགོས་པ་དང་བརྗོད་ཚུལ་ཐ་