[A:248] གྲི་གུག་བགྲང་ཕྲེང་ཌ་མ་རུ། །ཐོད་པ་མདུང་དང་ཞགས་པ་བསྣམས། །ཞེས་དང༌། རྭ་འགྱུར་མགོན་པོ་གསང་བ་མངོན་པར་འབྱུང་བའི་རྒྱུད་ལེའུ་ལྔ་བཅུ་པ་ལས། ཞལ་གསུམ་ཕྱག་དྲུག་པ་ལྷ་མོ་བཞིའི་འཁོར་དང་བཅས་ཟུར་ཙམ་བསྟན་ནོ། །མཁས་གྲུབ་ཁྱུང་པོ་གདུབ་བུ་པས་ཀོ་ས་ལ་བིཀྵའི་དུར་ཁྲོད་དུ། རྗེ་བཙུན་མཻ་ཏྲི་པ་ལ་གསེར་སྲང་བདུན་ཕུལ་ནས་ཞུས། མཁས་གྲུབ་ཁྱུང་པོ་འཕན་ཡུལ་འཇོག་པོའི་རི་ལ་སྒྲུབ་པ་མཛད་པའི་ཚེ་གྲུབ་ཆེན་རཱ་ཧུ་ལས་ཆོས་སྒོ་སྐྱེལ་གྱི་ཚུལ་དུ་གནང་བའི་སྐོར་རྣམས་བསྡོམས་པས་མཉམ་མེད་རི་བོ་དགའ་ལྡན་པ་ལ་མགོན་པོའི་བཀའ་བཅུ་གསུམ་དུ་གྲགས་པ། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས་ཀྱིས་མཛད་པའི་ཡི་གེའི་སྟེང་ནས། གཏོར་དབང་བར་གཅོད་ཀུན་སེལ། རྗེས་གནང་བར་གཅོད་ཀུན་སེལ། དབང་བཞི་བྱིན་བརླབས་ཀྱི་ཚུལ་དུ་བསྐུར་བ། བླ་མགོན་དབྱེར་མེད་ཀྱི་སྐོར་ལ་ཞི་བ་གྲིབ་སེལ། རྒྱས་པ་བླ་མ་མགོན་པོ་དབྱེར་མེད། མཁའ་འགྲོ་དབང་སྡུད་དང་གནད་དབབ་གཅིག་ཏུ་བྱས་པ། གསང་སྒྲུབ་མགོན་པོ་མཆིན་ཁ། མགོན་པོ་དབང་རྒྱལ། ས་ར་ཧའི་མགོན་པོ་ཁྲག་འཐུང་སྟེ་བཅུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང༌། ཡེ་ཤེས་ཀྱི་མཁའ་འགྲོ་མ། གྲུབ་ཆེན་ཤ་ཝ་རིའི་དབང་ཕྱུག །རྗེ་བཙུན་མཻ་ཏྲི་པ་ཆེན་པོ། ཤངས་པ་ལོ་ཙཱ་བ་ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས། སྐྱེར་སྒང་པ་ཆོས་ཀྱི་སེང་གེ ། གཉན་སྟོན་སྦས་པའི་རྣལ་འབྱོར། ཆོས་རྗེ་སངས་རྒྱས་སྟོན་པ། མཁས་གྲུབ་ཤངས་སྟོན་ཆེན་པོ། མུས་ཆེན་རྒྱལ་མཚན་དཔལ་བཟང༌། སྔགས་འཆང་རྡོ་རྗེ་གཞོན་ནུ། མཉམ་མེད་ནམ་མཁའི་རྣལ་འབྱོར། མཁས་གྲུབ་དགེ་ལེགས་དཔལ་བཟང༌། མཚུངས་མེད་བཟང་པོ་རྒྱལ་མཚན། གྲུབ་ཆེན་ངག་དབང་བློ་གྲོས། མར་སྟོན་ཚུལ་ཁྲིམས་རིན་ཆེན། རྡོ་རྗེ་འཆང་སྔགས་རམ་པ་དགེ་འདུན་བཀྲ་ཤིས། ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་