R986: ཐོབ་ཡིག་བུམ་པ་བཟང་པོ།

  • Pagination (Witness A): 175
[A:175]དགའ་སྙིང་པོ། པྲཛྙཱ་བ་ལི་ཏ། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། ཤྲདྡྷ་ཀ་ར་ཝརྨ། ཇོ་བོ་རིན་ཆེན་བཟང་པོ། རྐྱང་པོ་ཆོས་བློ། སུམ་སྟོན་ཡེ་འབར། ལྕེ་ཞར་བ། སྤྲུ་སྟོན་འབར་ཐོག ། རྩངས་ཡང་དག་རྡོ་རྗེ། རྩངས་སྨྲ་སེང༌། ལྕེ་ཇོ་མདོ། བླ་མ་ཆོས་འོད། བླ་མ་འཕགས་འོད། བུ་སྟོན་རིན་པོ་ཆེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། སློབ་དཔོན་ཡེ་ཤེས་རྒྱ་མཚོ། རྗེ་བཙུན་རྡོ་རྗེ་གདན་པ་ཆེན་པོ། བླ་མ་ཡོན་ཏན་རྒྱ་མཚོབླ་མ་ཨུ་རྒྱན་རྒྱལ་པོ། རྗེ་བསོད་ནམས་རྒྱལ་པོ། རྡོ་རྗེ་འཆང་ཚུལ་ཁྲིམས་བཀྲ་ཤིས
ཆོས་རྗེ་ཕྲིན་ལས་རྣམ་རྒྱལ། རྗེ་རིན་ཆེན་རྒྱ་མཚོ། མཚུངས་མེད་བློ་གྲོས་དབང་ཕྱུག །མཁན་ཆེན་ཀུན་དགའ་རྒྱ་མཚོ། གསེར་འབུམ་ཕུན་ཚོགས་རྣམ་རྒྱལ། མཁན་ཆེན་ཡེ་ཤེས་རྣམ་རྒྱལ། བཀའ་དྲིན་མཚུངས་མེད་ཤཱ་ས་ན་དྷཱ་ར། དེས་བདག་ཝཱ་གིནྡྲ་ཤཱི་ལ་དྷྭ་ཛ་ལའོ། །
དེས་ཕྲིན་ལས་པར་དགྱེས་བཞིན་དུ་གནང་བའོ། ། སྟོད་ལུགས་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད། བཛྲ་སཏྭ། པྲ་ཀཱ་ཤ་ཙནྡྲ། རཱ་ཧུ་ལ། དཔའ་བོ་ཏ་ཕ་ལ། ཛྙཱ་ན་བཛྲ། པྲཛྙཱ་སིདྡྷིཿ དེ་བཞི་ཀ་ལ་ཨཱ་ནནྡ་གརྦྷ། པྲཛྙཱ་བ་ལི་ཏ། སུ་བྷཱུ་ཏི་པ་ལི་ཏ། དྷརྨ་པཱ་ལ། ལོ་ཆེན་རིན་བཟངས། གུར་ཤིང་བརྩོན་འགྲུས་རྒྱལ་མཚན། གཉལ་པ་ཉི་མ་ཤེས་རབ། གནུར་ཉི་མ་འོད་ཟེར། རྩ་སྐྱ་སྟོན་གྲགས། སློབ་དཔོན་ཤཱཀྱ་འབུམ། དབུས་པ་སངས་རྒྱས་འབུམ། བླ་མ་ཆོས་འོད། བླ་མ་འཕགས་འོད། བུ་སྟོན། ཡང༌། སུ་བྷཱུ་ཏི་པ་ལི་ཏ་ནས། པྲཛྙཱ་བོ་དྷི། མུཀྟི་ཀོ་ཥ། དྷརྨ་པཱ་ལའོ། །ཡང༌། རྩ་སྐྱ་སྟོན་གྲགས། མཉམ་ཁད་པ་རྒྱ་གར་འཕན། བླ་མ་ཤཱཀྱ་འབུམ། ཡང༌། བླ་མ་དབུས་པ་སངས་རྒྱས་འབུམ། ལོ་མཆོག །བླ་མ་དཔལ་ལྡན་སེང་གེ །བུ་སྟོན་ནོ། །ཡང༌། རྡོ་རྗེ་དབྱིངས་ཀྱི་དབང་ཁ་ལ། དཀྱིལ་ཆོག་རྡོ་རྗེ་འབྱུང་བའི་ལུགས་ཀྱི་རྒྱས་འབྲིང་བསྡུས་གསུམ་དང༌། འགྲེལ་ཆེན་དེ་ཉིད་སྣང་བ་ནས་འབྱུང་བའི་དབང་ཤིན་ཏུ་རྒྱས་པ་ལུགས་གཉིས་ཀྱི་དང་པོ་ནི། བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་དཀྱིལ་ཆོག་རིན་ཆེན་