[A:253]བསྲུངས་ཏེ་ཆུའི་ཁ་གནོན་དུ་བཞེངས། བྱང་དུ་དགེ་རི་དང་དཔལ་རི་གཉིས། ལྷ་ཀླུ་འདྲེ་སྲིན་དམ་ལ་བཏགས་ཏེ་རླུང་གི་ཁ་གནོན་དུ་བཞེངས། དེ་རྣམས་བཞེངས་པའི་བྱིན་རླབས་ཀྱིས། ཉི་འོག་གི་རྒྱལ་ཁམས་ཟིལ་གྱིས་མནན་ཏེ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་པ་ལ། འགལ་རྐྱེན་བར་ཆད་མེད་པར་ལྷུན་གྱིས་གྲུབ་པའོ། །དེ་ནས་ཁྲི་བཙུན་དང་ཀོང་ཇོ་གཉིས་ཀྱིས། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། རྒྱ་སྟག་ར་མོ་ཆེའི་གཙུག་ལག་ཁང་གཉིས་ཀྱི་རི་མོ་གང་དང་སྤྱི་ཡོངས་སུ་རྫོགས་པ་རྣམས་ལ་ཟླ་བ་བཅུ་གཉིས་རེ་འགོར་ཏེ་ལྷན་དུ་ཚར་རོ༑ ༑རྒྱལ་པོས་ཀྱང་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་རྣམས་ཡོངས་སུ་རྫོགས་པ་ཚར་ཏེ། སླར་ཁྲ་འབྲུག་ཏུ་ཕེབས་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་བཀུར་སྟི་དང༌། ཕུ་དུད་དུ་མཛད་ནས། རབ་ཏུ་བྱུང་བའི་རྟགས་ཡོད་པ་ཙམ་ལ་ཡང༌། མགོའི་ཐོད་ལྟར་དུ་ཁུར་ཞིང་གུས་པས་ཕྱག་བྱེད་ལ། ངའི་བློན་འབངས་རྣམས་ཀྱིས་ཀྱང་དེ་བཞིན་གྱིས་ཤིག་གསུངས་ཏེ། ཕྱི་རོལ་དུ་བྱོན་པ་དང༌། སྦྲུལ་བསད་པའི་སྡིག་བཤགས་སུ་བཞེངས་པའི་མཆོད་རྟེན་རྩེ་ལྔ་དེའི་དྲུང་ན༑ སྤྲང་བན་རྒན་པོ་གཅིག་བླ་གོས་ཧྲུལ་པོ་ཞིག་བཏིང་ནས་ཤིག་ཐུ་གིན་འདུག་པ་རྒྱལ་པོས་གཟིགས་པ་དང༌། སྤྲང་བན་དེ་ལ་རབ་ཏུ་བྱུང་བའི་རྟགས་འདུག་པར་མཁྱེན་ནས། རྒྱལ་པོས་ཕྱག་མཛད་དོ། །དེར་རྒྱལ་པོའི་ཞལ་ནས། བདག་ནི་རྒྱལ་ཁམས་ལ་དབང་ཐོབ་པའི་རྒྱལ་པོ་ཞིག་ཡིན་ནའང་མཐའ་འཁོབ་ཁ་བ་ཅན་གྱི་ལྗོངས་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་ཞིག་བྱེད་པར་འདོད་ནས། གཙུག་ལག་ཁང་མང་པོ་བརྩིགས། དེ་རྣམས་ཀྱི་ནང་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་མང་པོ་བཞེངས་ནས་མཆོད་པ་བྱས། རབ་ཏུ་བྱུང་བའི་