[A:256]དུ་བརྐོས། །སྟེང་འོག་གཉིས་ཀྱི་མཐོངས་ཁའི་ལྕམ་སྣ་ལ། །སེང་གེ་དཀར་མོ་གཡུ་རལ་རྒྱན་དང་བཅས། །བརྒྱ་རྩ་བརྒྱད་ནི་མཆོང་བའི་ཚུལ་དུ་གཟིགས། །དེ་ཡི་སྟེང་དུ་མུ་ཏིག་དྲ་བ་ཅན། །གཡུ་པད་སྔོན་པོ་ཨིནྡྲ་ནཱི་ལའི་མདོག །སྟེང་གི་རྩིག་པ་ཕ་གུ་དྲ་ཕྱེད་དང༌། །མདའ་ཡབ་པུ་ཤུ་རིན་ཆེན་རྒྱན་གྱིས་མཛེས། །འོད་ཟེར་སྟོང་ལྡན་གསེར་གྱི་གནྫི་ར། །སྣ་ཚོགས་དར་གྱི་ཅོད་པན་དུ་མ་དང༌། །རྔ་ཡབ་དྲིལ་བུ་གཡེར་ཁའི་རྒྱན་དང་བཅས། ཁོར་ཡུག་ཀུན་ཏུ་ལྕགས་ཀྱི་ཐག་པས་སྦྲེལ། །དེ་ལྟར་ངོ་མཚར་དཔག་མེད་རྒྱན་བཀོད་པའི། །འོག་གི་བཙན་ཁང་དབུས་མའི་གཞལ་ཡས་ན། །འགྲོ་བ་སྐྱོབ་མཛད་སྐྱབས་སྦྱིན་ཕྱག་རྒྱ་ཅན། །
དེ་དུས་ཀྱི་གཙོ་བོ་དེ་སངས་རྒྱས་མི་འགྲོ་གསུང་བྱོན་ཡིན།
མཚན་དཔེས་རབ་བརྒྱན་ཚོགས་གཉིས་དཔལ་གྱིས་བརྗིད། །སངས་རྒྱས་མར་མེ་མཛད་ནི་སྤྲུལ་སྐུ་ལ། །འཁོར་ནི་ཉེ་བའི་སྲས་བརྒྱད་བཞེངས་པས་བསྐོར། ཁྲོ་བོ་གཉིས་ཀྱིས་སྒོ་སྲུང་མཛད་པ་གཟིགས། ། བཙན་ཁང་གཡས་ན་སངས་རྒྱས་འོད་དཔག་མེད། །ལི་ཁྲིའི་མདོག་ཅན་མཉམ་གཞག་ཕྱག་རྒྱ་ཅན། །ངོ་མཚར་དཔག་མེད་མཚན་དཔེའི་རྒྱན་གྱིས་མཛེས། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་ལ་སོགས། །ཉེ་བའི་སྲས་བརྒྱད་འཁོར་གྱིས་བསྐོར་བ་ནི། །པད་ཟླའི་གདན་ལ་རྡོ་རྗེ་ཕྱེད་ཀྲུང་བཞུགས། །སྒོ་འགྲམ་གཡས་ན་གསང་བའི་བདག་པོ་ནི། །ནམ་མཁའི་མདོག་ཅན་རྡོ་རྗེ་མཁའ་ལ་ཕྱར། །སྒོ་འགྲམ་གཡོན་ན་ཁྲོ་རྒྱལ་སྨེ་བརྩེགས་ནི། །བྱི་རུའི་མདོག་ཅན་གྲིབ་སེལ་ཚུལ་དུ་བཞུགས། །བཙན་ཁང་གཡོན་ན་རྗེ་བཙུན་བྱམས་པ་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་ཅན། །གུར་གུམ་མདོག་ཅན་མཚན་དཔེའི་དཔལ་གྱིས་བརྗིད། །ཕྱི་ནང་མཆོད་པའི་ལྷ་མོས་བསྐོར་བ་ནི། །ངོ་མཚར་དཔག་མེད་རབ་མཛེས་འགྱིང་