[A:257]བའི་ཚུལ། །པད་ཟླའི་གདན་ལ་རྡོ་རྗེ་ཕྱེད་ཀྲུང་བཞུགས། །བཙན་ཁང་ལྷོ་ན་མི་བསྐྱོད་རྡོ་རྗེ་ནི། །མཚན་དཔེས་རབ་བརྒྱན་ས་གནོན་མཉམ་གཞག་ཅན། །འོད་སྟོང་འབར་བ་གསེར་གྱི་ལྷུན་པོ་ལྟར། །རབ་ཏུ་བརྗིད་པའི་འཁོར་གྱིས་བསྐོར་བ་ནི༑ ༑སྟོང་ཆེན་རབ་འཇོམས་ཞལ་གཅིག་ཕྱག་བཞི་མ། །སོ་སོར་འབྲང་མ་ཞལ་གཅིག་ཕྱག་དྲུག་ཡིན། །གཤིན་རྗེ་མཐར་བྱེད་ཞབས་དྲུག་བརྐྱང་བསྐུམ་ཚུལ། ། སྐུ་མདོག་མཐིང་ནག་ཞལ་དྲུག་ཤིན་ཏུ་ཁྲོས། །ཕྱག་དྲུག་མཚོན་ཆ་དུ་མ་བསྣམས་པའོ། །ཤེས་རབ་མཐར་བྱེད་སྐུ་མདོག་དཀར་པོ་སྟེ། །ཞལ་བཞི་ཕྱག་བརྒྱད་བརྐྱང་བསྐུམ་ཚུལ་དུ་བཞུགས། །པདྨ་མཐར་བྱེད་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་རབ་ཏུ་ཁྲོས་པའི་ཚུལ། །བགེགས་མཐར་བྱེད་ནི་མཐིང་ནག་རྔམས་པའི་ཚུལ། །ཞལ་གཅིག་ཕྱག་བཞི་བགེགས་དཔུང་འཇོམས་པར་མཛད། །སྒོ་འགྲམ་གཉིས་ན་རྣམ་སྲས་ཛཾ་བྷ་ལ། །སྐུ་མདོག་སེར་པོ་དབུལ་ཕོངས་སེལ་བའི་ཕྱིར། ། ཕྱག་གཡས་རིན་ཆེན་གཡོན་ན་ནེའུ་ལེ་འཛིན། །ཕྱི་སྒོའི་འགྲམ་གྱི་ཀླུ་ཡི་ཁང་པ་ན༑ ༑ཀླུ་ཆེན་གསུམ་ནི་ཞལ་གཅིག་ཕྱག་གཉིས་ཏེ། །སྦྲུལ་གྱི་གདེངས་ཀ་སེམས་དཔའི་སྐྱིལ་ཀྲུང་བཅས། །སྐུ་མདོག་དཀར་དང་དམར་དང་དམར་སེར་ཡིན། །སྒོ་འགྲམ་གཡས་ཀྱི་གནོད་སྦྱིན་ཁང་པ་ན། །སྲིན་མོ་ལངྐ་མགྲིན་བཅུ་དབུ་དགུ་སྟེ། ། རྟ་མགོས་དཔང་བསྟོད་སྐུ་མདོག་མཐིང་གའོ། །གནོད་སྦྱིན་དྲི་ཟ་གཉིས་ནི་སྐུ་མདོག་དམར། །ཞལ་གསུམ་ཕྱག་བཞི་སེམས་དཔའི་སྐྱིལ་ཀྲུང་བཅས། །སྒོ་ཁང་སྟེང་ན་སངས་རྒྱས་རབས་བདུན་ནི། །མཚན་དཔེས་རབ་བརྒྱན་སྤྲུལ་སྐུའི་ཚུལ་དུ་བཞུགས། །འོག་ཁང་ལོགས་ལ་རྒྱལ་བའི་སྐུ་གཟུགས་ནི། །ལྷ་ཡི་རི་མོ་གང་ལ་ཅི་འདུལ་གླིང༌། །ཐུགས་རྗེ་ཆེན་པོ་འཇིགས་པ་བརྒྱད་སྐྱོབ་དང༌། །འཇམ་དབྱངས་