R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 286
[A:286]བསྣམས་ལ་ཕྱག་འཚལ་ལོ། །རྔ་ཡབ་ཕུབ་དང་བུམ་པ་བཟང༌། །དགྲ་སྟ་ཕྲེང་བ་པདྨ་སྔོ། །སྤྱི་བླུགས་ཉི་མ་ཆུ་སྐྱེས་དཀར། །སྙེ་མ་བསྣམས་ལ་ཕྱག་འཚལ་ལོ། ། གཡོན་གྱི་ཡན་ལག་བཅུ་དགུ་ན། །སྤྲིན་དཀར་སྤྱི་བླུགས་པདྨ་གྲི། །དུང་ཐོད་ཕྲེང་བ་དྲིལ་བུ་དང༌། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ལྕགས་ཀྱུ་འཁར་གསིལ་སྤྲུལ་པའི་སྐུ། ཁང་བཟངས་གླེགས་བམ་འཁོར་ལོ་དང༌། །སྐུ་གཟུགས་ཤིང་ཐོག་གེ་སར་བཅས། །རིན་ཆེན་བསྣམས་ལ་ཕྱག་འཚལ་ལོ། །ཆོས་སྐུའི་རྩ་ཕྱག་རྣམ་པ་བཅུ། །ལོངས་སྐུའི་ཡན་ལག་སུམ་ཅུ་བརྒྱད། །སྤྲུལ་སྐུའི་ཉིང་ལག་སྟོང་མངའ་བའི། །ནམ་མཁའི་རྒྱལ་པོ་ཁྱོད་ལ་འདུད། །པདྨ་ལྟ་བུའི་ཕྱག་མཐིལ་ལ། །ཨུཏྤལ་འདྲ་བའི་སྤྱན་མིག་གིས། །རྒྱུ་སྐར་བཞིན་དུ་རྣམ་བཀྲ་བའི། །ནམ་མཁའི་རྒྱལ་པོ་ཁྱོད་ལ་འདུད། །དབུ་ལ་རྒྱལ་བའི་གཙུག་རྒྱན་བཅས། །ཕྱག་ཞབས་གསེར་གྱི་གདུ་བུ་འཁྲོལ། །སྐུ་ལ་དྲི་ཞིམ་སྤོས་ངད་ལྡན། །ནམ་མཁའི་རྒྱལ་པོ་ཁྱོད་ལ་འདུད། །སྣ་ཚོགས་དར་གྱི་ན་བཟའ་གསོལ། །རིན་ཆེན་དུ་མའི་རྒྱན་གྱིས་སྤྲས། ། བལྟ་བས་མི་ངོམས་མཛེས་པའི་སྐུ། །ནམ་མཁའི་རྒྱལ་པོ་ཁྱོད་ལ་འདུད། །རི་དྭགས་ལྤགས་པས་ནུ་མ་བཀབ། །ཡན་ལག་རིགས་བཞིའི་སྦྲུལ་གྱིས་བརྒྱན། ། མཚན་དཔེ་གཟི་བརྗིད་འབར་བའི་སྐུ། །ནམ་མཁའི་རྒྱལ་པོ་ཁྱོད་ལ་འདུད། ། གངས་རིའི་ངོགས་ལྟར་མཛེས་པ་ལ། །ཅུང་ཟད་དམར་བའི་མདངས་དང་ལྡན། ། ཐུགས་རྗེའི་འོད་དཀར་འཕྲོ་བའི་སྐུ། །ནམ་མཁའི་རྒྱལ་པོ་ཁྱོད་ལ་འདུད། །ལྷ་རྒྱལ་གཙུག་གི་ནོར་བུ་ཡིས། །ལེགས་པར་བཞེངས་པའི་ཞབས་གཉིས་པོ། །པད་ཟླའི་སྟེང་དུ་འགྱིང་བའི་སྐུ། །ནམ་མཁའི་རྒྱལ་པོ་ཁྱོད་ལ་འདུད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་རིན་པོ་ཆེ། །ཐབས་མཁས་ཐུགས་