R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 290
[A:290]དོག་སྣ་ཚོགས་པ་བརྒྱད་བྱུང་སྟེ། འོད་ཟེར་གཅིག་ཇོ་བོ་མི་བསྐྱོད་རྡོ་རྗེའི་ཐུགས་ཀར་ཐིམ།
ལི་མ།
འོད་ཟེར་གཅིག་བྱམས་པ་ཆོས་ཀྱི་འཁོར་ལོའི་ཐུགས་ཀར་ཐིམ།
ལི་མ།
འོད་ཟེར་གཅིག་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་ཐིམ། འོད་ཟེར་གཅིག་སངས་རྒྱས་མི་འཁྲུགས་པའི་ཐུགས་ཀར་ཐིམ། འོད་ཟེར་གཅིག་ཁྲོ་རྒྱལ་སྨེ་བ་བརྩེགས་ཀྱི་ཐུགས་ཀར་ཐིམ། འོད་ཟེར་གཅིག་སངས་རྒྱས་སྨན་པའི་རྒྱལ་པོའི་ཐུགས་ཀར་ཐིམ།
འོག་ཁང་ཤར་ལྷོའི་གཡུ་རུང་ཁུག་ན་ཡོད་བྲིས་སྐུ།
འོད་ཟེར་གཅིག་རྟ་མགྲིན་དཀར་པོའི་ཐུགས་ཀར་ཐིམ།
བྲིས་སྐུ་བར་ཁང་ན་ཡོད།
འོད་ཟེར་གཅིག་རྗེ་བཙུན་སྒྲོལ་མའི་ཐུགས་ཀར་ཐིམ།
བྲིས་སྐུ་བར་ཁང་ན་ཡོད།
དེ་རྣམས་ནི་འོད་ཟེར་འཕྲོས་པའི་ལྷ་བརྒྱད་ཡིན་ནོ། །ཡང་ལྷ་དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ལྷ་ཁང་ནང་གི་ལྷ་ཐམས་ཅད་ལ་ཕོག་ནས། འོད་ཟེར་གྱི་དྲ་བས་འབྲེལ་བར་གྱུར་ཏོ། །དེ་ནི་འཕྲུལ་སྣང་གི་གསང་བའི་རབ་གནས་ལྷུན་གྱིས་གྲུབ་པ་ཡིན་ནོ། །དེ་ནས་དབོན་སྲས་དང༌། བཙུན་མོ་བློན་པོ་ལ་སོགས་དེ་ན་ཡོད་པ་ཐམས་ཅད་མྱ་ངན་གྱི་སྡུག་བསྔལ་ཞི་ནས། ཟག་མེད་ཀྱི་བདེ་བ་ལ་གནས་པར་གྱུར་ཏོ། །དེ་ནས་བློན་པོ་ཐམས་ཅད་གྲོས་བྱས་ཏེ། སྲས་གུང་རི་གུང་བཙན་ནི་ཡབ་ཀྱི་གོང་དུ་འདས། དབོན་སྲས་ནི་ཆུང་བས་བང་སོ་བརྩིགས་དགོས་པས། ཡབ་ཡུམ་གསུམ་པོ་རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པ་གསང་སྟེ། འཕན་ཡུལ་ཟལ་མོ་སྒང་དུ་འདས་པ་ཡིན་ནོ་ཞེས་ཕྱོགས་བཅུར་བསྒྲགས་ནས། ཡར་ལུང་འཆོང་པོའི་ནང་དུ་ཡབ་ཡུམ་གསུམ་ཀའི་བང་སོ། འགྲན་ཟླ་དང་བྲལ་བར་བརྩིགས་སོ། །རྒྱལ་པོ་ཡབ་ཡུམ་གྱི་མཛད་པ་ཡོངས་སུ་རྫོགས་ཏེ། རང་བྱོན་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པའི་ལེའུ་སྟེ་བཅུ་བདུན་པའོ། །དེ་ལྟར་སྤྲུལ་