R1012: རྒྱལ་རབས་གསལ་བའི་མེ་ལོང་ངམ་ཆོས་འབྱུང་གསལ་བའི་མེ་ལོང་།

  • Pagination (Witness A): 291
[A:291]པའི་ཆོས་རྒྱལ་ཆེན་པོ་དེ། །དགུང་ལོ་བདུན་ཅུ་ཐམ་པ་རྒྱལ་ས་བཟུང༌། །ལྷ་ཁང་ བཞེངས་ཤིང་དམ་ཆོས་རྒྱས་པར་མཛད།།དཀོན་མཆོག་ཞབས་ཏོག་བཀའ་ཁྲིམས་ཆོས་ལ་བསྒྱུར། །དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞེངས་པ་ན། །ལེ་ལོ་ཅན་རྣམས་བརྩོན་འགྲུས་བསྐྱེད་པ་དང། །སྙོམ་ལས་ཅན་རྣམས་ཆོས་ལ་བཀོད་པ་དང༌། ། རྟག་པར་འཛིན་པ་སྐྱོ་བ་བསྐྱེད་པའི་ཕྱིར། །འཕྲུལ་སྣང་ནང་གི་བཙན་ཁང་བྱང་མ་རུ༑ ༑རྒྱལ་པོ་ཡབ་ཡུམ་འོད་དུ་རབ་ཞུ་ནས། །ཡི་དམ་ལྷ་ཡི་ཐུགས་ཀར་ཐིམ་པར་གྱུར། །སངས་རྒྱས་མི་རུ་སྤྲུལ་པའི་འགྲོ་དོན་ཅན། །སྤྱན་རས་གཟིགས་དང་གཉིས་སུ་མེད་པའི་སྲས། །སྡིག་ཅན་ཆོས་ལ་འཁོད་པའི་ཐུགས་རྗེ་ཅན། །མཐའ་ཡས་ སེམས་ཅན་རྣམས་ཀྱི་མགོན་གཅིག་པུ།།ཆོས་རྒྱལ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆི།།འཕགས་པ་ཐུགས་རྗེ་ཅན་གྱིས་བྱིན་གྱིས་རློབས། །དེ་ཡི་བང་སོ་འཆོང་པོའི་ནང་ དུ་བཏབ། །ཆེ་ཆུང་ཚད་ནི་དཔག་ཚད་གཅིག་ཙམ་ལ། །བང་སོ་གྲུ་བཞི་དཀྱིལ་དུ་ རེ་མིག་བྱས། །དར་དང་ཤོག་བུ་བསྲེས་པའི་འཇིམ་པ་ལ། །དེ་ལ་ཆོས་རྒྱལ་ཆེན་པོའི་སྐུ་བཞེངས་ནས། །ཤིང་རྟར་སྤྱན་དྲངས་རོལ་མོར་བཅས་ནས་ནི། །སྐུ་དེ་བང་སོའི་ནང་དུ་བཞུགས་པ་མཛད། །ནང་གི་རེ་མིག་ཐམས་ཅད་ནོར་གྱིས་བཀང༌། །བང་སོ་ནང་རྒྱན་ཅན་དུ་གྲགས་པར་གྱུར། །ནང་དུ་ལྷ་ཁང་ལྔ་ཡང་བཞུགས་སོ་ཟེར། །བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང༌། །མིང་ཡང་སྐུ་རི་སྨུག་པོ་ལགས་སོ་སྐད། །ཕྱོགས་བཅུའི་སངས་རྒྱས་རྣམས་དང་ཉན་ཐོས་དང༌། ། བྱང་ཆུབ་སེམས་དཔའ་དམ་ཅན་ཆོས་སྐྱོང་རྣམས། །གནས་དེར་ལྷགས་ནས་བང་ སོ་དེ་ལ་ནི། །བཀྲ་ཤིས་རབ་ཏུ་གནས་པའི་ཕྲིན་ལས་མཛད། །དབོན་སྲས་མང་སྲོང་མང་བཙན་ལ་སོགས་པའི། །བློན་པོ་བོད་འབངས་འཁོར་དང་བཅས་པ་